ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོད་པའི་གདུང་རྒྱུད། | 2011/7/7 8:04:00
6
བོད་པའི་གདུང་རྒྱུད།
ཤེས་རིག་གི་འོད་སྣང་འཁྱིལ་བའི།
ཕ་གཞིས་དྲོན་མོ་འདི་ནས།
ངེད་གངས་ཅན་བོད་པ་ཚོས།
བྱང་སེམས་ཀྱི་གླུ་ངག་གྱེར་བཞིན།
རྣམ་དཔྱོད་ཀྱི་བྲོ་གར་འཁྲབ་བཞིན།
རིག་གནས་སྒྱུ་རྩལ་གྱི་དར་ཆ་རེ་རེ།
ཧི་མ་ལ་ཡའི་རི་རྩེ་ལ་བསྐྱོན།
ཨོ ང་ཚོ་ནི་གངས་རིའི་རྣམ་ཤེས་ལ་འཁྱུད་པའི།
ལོ་རྒྱུས་ཀྱི་བདག་པོ་ཡིན་ཡ། བདག་པོ་ཡིན།
ལོ་རྒྱུས་ཀྱི་ཚན་ཁ་འབར་བའི།
ཞིང་ཁམས་དྲོན་མོ་འདི་ནས།
ངེད་གངས་ཅན་བོད་པ་ཚོས།
ལྷག་བསམ་གྱི་ལག་གདངས་སྦྲེལ་བཞིན།
དུངས་སེམས་ཀྱི་ཆང་ཕོར་འདེགས་བཞིན།
བཙན་པོའི་ལོ་རྒྱུས་ཀྱི་བདེན་པ་རེ་རེ།
ཡར་ཀླུང་གཙང་བོའི་རླབས་རྒྱུན་ལ་བསྐུར།
ཨོ ང་ཚོ་ནི་གཙང་བོའི་བཞུར་རྒྱུན་ལ་འཁྱུད་པའི།
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(277) | ལན་སློག(4) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།བསམ་དོན་འགྲུབ་གླུ།
- ཟིན་ཐོ་འོག་མ།འཛམ་གླིང་རྒྱན་གཅིག
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།

རྒན་ལགས་ངོ་མ་རྩོམ་རྩལ་བཟང་གི
སྦྲ་ཆེན་ནས་ཡིན་པའི་གཞས་མ་ཞིག་གིས་འོད་སྡེར་ཞིག་བཟོ་གྲབས་འདུག གུས་པར་གཞས་ཚིག་ཁ་ཤས་མཁོ་འདོན་བྱ་རོགས་ཞེས་རེ་བ་བཏོན་བྱུང་། ང་རང་གིས་གཞས་ཚིག་གཉིས་མ་གཏོགས་འབྲི་ལོངས་བྱུང་མ་སོང་བས་རྒན་ལགས་ཀྱིས་སངས་རྒྱས་ཆོས་ལུགས་ཞེས་པ་སོགས་གཞས་པ་གཞན་ལ་སྤྲད་མེད་ན་གཞས་ཚིག་གནངས་ན་འགྲིག་གམ།
ལྷ་གཡག་དར་མས །
གཤམ་དུ་ཁྱུང་དཀར་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་རྒྱུན་དུ་ཕེབས་པར་དགའ་བསུ་ཡོད་ལགས། གཞན་གྱིས་བཀོལ་ཟིན་པ་ཡིན་ན་ངས་མཇུག་ཏུ་མཆན་འགོད་ངེས་ཡིན། གསལ་བཤད་མེད་པའི་གཞས་ཚིག་ཡིན་ན་ཉིད་ཀྱིས་བཀོལ་ཆོག་པ་ཡིན།

ཧ་ཧ་ཧ་། གྲོགས་པོ་ལགས་ཕེབས་པར་དགའ་བོ་བྱུང་སོང་། རེད་ཡ། ངས་ཀྱང་ཁྱེད་ལྟ་བུ་ཞིག་གིས་བླངས་ན་བསམ་ཡོད།
ཧ་ཧ་ཧ་། གྲོགས་པོ་ལགས་ཕེབས་པར་དགའ་བོ་བྱུང་སོང་། རེད་ཡ། ངས་ཀྱང་ཁྱེད་ལྟ་བུ་ཞིག་གིས་བླངས་ན་བསམ་ཡོད།