ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོན་བརྒྱ་ཡབ་སྲས། | 2011/5/12 0:01:00
3
བོན་བརྒྱ་ཡབ་སྲས།
ནམ་མཁའི་མཐའ་མཉམ་འཕྲུལ་ངག་གཡུང་དྲུང་བོན། །
ཉི་ཟླ་ཆ་འགྲིག་བོན་བརྒྱ་ཡབ་སྲས་ཟུང་། །
འོད་ཟེར་བྱེ་བ་བྱིན་རླབས་དངོས་གྲུབ་མཆོག །
འཛོམས་གསུམ་འཛོམས་པ་གངས་ཅན་བོད་མིའི་རྒྱན། །
ཨ་སྔོན་དབྱིངས་ན་ཁྱུང་འབྲུག་གར་དུ་རྩེན། །
རྒྱ་རྫོང་ནགས་ན་སྟག་སེང་མཆོང་རྩལ་ངོམས། །
གངས་རིའི་ལྗོངས་ན་བོན་བརྒྱ་ཡབ་སྲས་ཟུང་། །
གཡུང་དྲུང་བོན་གྱི་འཁོར་ལོ་ཐོགས་མེད་བསྐོར། །
མཛེས་མཛེས་པདྨ་དཀར་པོ་སྐྱེ་མེད་སྐུ། །
ལྷང་ལྷང་ཁུ་བྱུག་དབྱངས་སྙན་འགག་མེད་གསུངས། །
ཟབ་ཟབ་ཆུ་གཏེར་སྔོན་མོ་གཉིས་མེད་ཐུགས། །
བརྗིད་བརྗིད་རིགས་དྲུག་བསོད་ནམས་དཔལ་དུ་བརྗིད། །
བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཆར། །
ཐོས་བསམ་སྒོམ་པས་རྟོག་པ་རང་སར་གྲོལ། །
འཆད་རྩོད་རྩོམ་པའི་འཁོར་ལོ་བསྐོར་བ་ཡིས། །
སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ལམ་ལ་བཀོད། །
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(311) | ལན་སློག(5) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།གངས་རིའི་སེམས་དཔའ།
- ཟིན་ཐོ་འོག་མ།ཞང་བོད་རིག་གནས།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།

མཚན་བརྟན་པར་ཤོག

བརྩམས་པའི་བོན་བརྒྱའི་ལོ་རྒྱུས་ལུགས་གཉིས་གསལ་བའི་མེ་ལོང་།
ཟེར་བ་ཞིག་ཡོད་སྐོར་བོད་རྒྱུད་ནང་བསྟན་དཔེ་ཚོགས་ཀྱི་དཔེ་ཐོ་
རུ་མཐོང་སོང་བས་དེ་ཉིད་རག་ཐབས་ཡོད་དམ།
ཡོད་ན་ལམ་སྟོན་གནང་རོགས་ཞུ།
དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས། dolpogeshe@yahoo.com
གློག་འཕྲིན་ཁ་བྱང་འདིར་འབྲེལ་བ་གནང་རོགས་ཞུ།


སེམས་མི་འགྱུར་གཡུང་དྲུང་འཁོར་ལོ། །
ཚིག་མི་འགྱུར་གཡུང་དྲུང་འབར་མ། །
ངག་མི་འགྱུར་གཡུང་དྲུང་སྐད་ཅན། །
ངར་ཀི ཧེ་ཧེ ཧོ་ཧེ་ཧ་ཧ