ཧི་བོན་ཟིན་བྲིས།
མཁར་ནག་པའི་ཟིན་བྲིས།
སྤྱི་བསྒྲགས།

    མཁར་ནག་སྐལ་བཟང་རྒྱལ་མཚོ།

    མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།

    མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།

    མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།

    མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།

     

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    24252627282930
    31
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཁེར་རྐྱང་གི་ཟླ་བ། | 2011/7/30 12:10:00

ཁེར་རྐྱང་གི་ཟླ་བ།

 

མཁར་ནག་སྐལ་བཟང་རྒྱ་མཚོ།།

 

ཁོར་ཡུག་མུན་པའི་སེང་རས་ཀྱིས་བསྒྲིབས་འདུག

གསང་བ་ལྐོག་གྱུར་གྱི་མཛེས་སྡུག་ཁྲོད།

རྒྱུ་སྐར་ཚོ།    བྱིས་པ་པྲ་ཚག་ནང་བཞིན།

མིག་འབྱེད་བཙུམ་གྱིས་རང་གི་འོད་སྣང་ངོམ།

 

དབང་ཕྱོགས་ཀྱི་རྫ་རི་སྨུག་པོས་སྟོབས་ཤུགས་ཡོད་ཚད་བཏོན་ནས།

འདེགས་ཐེངས་གཅིག་གིས་ཉ་གང་གི་ཟླ་བ་མཁའ་རུ་བསྐྱལ།

དངུལ་དཀར་གྱི་མེ་ལོང་བཞིན་གསལ་བའི་ཟླ་བས།

འོད་དཀར་ཀྱི་སྣང་བ་འཛེམ་མེད་དུ་སྤྲོས།

 

རང་གི་འཇོན་ཐང་ལ་གནོད་ཀྱིས་དོགས་ནས།

རྒྱུ་སྐར་ཚོས་ཕྲག་དོག་གི་དམོད་པ་བྱེད་བཞིན་རྒྱང་དུ་བཀྱེད།

དཀར་ཆིལ་ཆིལ་གྱི་ཟླ་བ་ཁེར་རྐྱང་དུ་ལུས་པ་འདི།

མ་གཞི་རང་དང་མཉམ་པའི་རིགས་མཐུན་ཞིག་ད་བར་དུ་མ་སྙེད་པས་རེད།

 

ཆེན་པོ་རྣམས་ཀྱིས་རང་གི་འཇོན་ཐང་ཅུང་ཟད་མ་སྦས་ཚེ།

ཁེར་རྐྱང་དུ་གནས་དགོས་པ་ནི་ཆོས་ཉིད་ཡིན་དེ།

མི་བདེན་ན་ཉི་མ་ལའང་ལྟོས་དང་།།

 

 

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁེར་རྐྱང་གི་ཟླ་བ། | 2011/7/31 21:43:55
kanaergesangགྲོགས་པོ་ལགས། དོ་སྣང་བྱས་པ་ཐུགས་རྗེ་ཆེ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.