ཧི་བོན་ཟིན་བྲིས།
མཁར་ནག་པའི་ཟིན་བྲིས།
སྤྱི་བསྒྲགས།

    མཁར་ནག་སྐལ་བཟང་རྒྱལ་མཚོ།

    མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།

    མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།

    མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།

    མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།

     

ལི་ཐོ།
    <<  < 2021 - >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གྲུབ་དབང་དྲི་མེད་སྙིང་པོའི་ཕྱི་ནང་གསང་གསུམ་གྱི་བོན་བསྟན་རྒྱས་པའི་སྨོན་ཚིག | 2012/5/4 10:14:00
12

གྲུབ་དབང་དྲི་མེད་སྙིང་པོའི་ཕྱི་ནང་གསང་གསུམ་གྱི་བོན་བསྟན་རྒྱས་པའི་སྨོན་ཚིག

རབ་འབྱམས་ཞིང་དུ་བོན་གྱི་འཁོར་ལོ་ཡིས།  །འགྲོ་ཁམས་ཀུན་ཏུ་བཟང་པོའི་སར་བཀོད་པས།  །ཐུགས་རྗེའི་མངའ་བདག་སྟོན་པ་གཤེན་རབ་ཀྱི།  །མདོ་སྔགས་བསྟན་པ་ཕྱོགས་བཅུར་འབར་གྱུར་ཅིག   །རྒྱལ་བ་དེ་ཡི་བསྟན་པ་ཕྱོགས་ཀུན་ཏུ།  །སྤེལ་ལ་དྲི་མ་མེད་པའི་ཐུགས་བསྐྱེད་ཅན།   །གང་གི་འཆད་རྩོད་རྩོམ་པའི་མཛད་པ་ཡིས།   །གྲུབ་མཐའི་སྙིང་པོ་བོན་བསྟན་འབར་གྱུར་ཅིག   །འཇིགས་མེད་གསང་སྔགས་བོན་གྱི་སྒྲ་ཆེན་བསྒྲགས།   །རིམ་པ་གཉིས་ཀྱི་རྣལ་འབྱོར་དབང་པོའི་མཆོག  །གསང་ཆེན་རྒྱུད་སྡེ་བཞི་ཡི་དོན་འབྱེད་པའི་།  །གང་དེའི་གསང་སྔགས་བོན་བསྟན་འབར་གྱུར་ཅིག   །འཁོར་འདས་གཉིས་མེད་རང་རིག་ཡེ་ཤེས་ལྔའི།   །རང་གདང་མངོན་གྱུར་རིག་པ་རང་ཤར་གྱི།  །ཡང་གསང་སྙིང་ཏིག་དགོངས་གཏེར་ཟབ་མོའི་བོན།   །རྫོགས་པེ་ཆེནཔོའི་བསྟན་པ་འབར་གྱུར་ཅིག།   གྲུབ་དབང་དྲི་མེད་སྙིང་པོའི་ཕྱི་ནང་གསང་གསུམ་གྱི་བོན་བསྟན་རྒྱས་པའི་སྨོན་ཚིག་འདི་ཉིད་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་ཧོར་བྲག་དཀར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་མཆོག་ཏུ་སྨོན་པ་དགེ་ལེགས་སུ་གྱུར་ཅིག།

 

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.