ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག  | 2012/4/19 21:56:00

ཉེ་སྔར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་“བོད་ཀྱི་རྩོམ་རིག་དཔེ་ཚོགས་”ཤིག་བསྡུ་སྒྲིག་གནང་འཆར་ཡོད་པ་ལྟར། དེའི་ནང་དུ་གཡུང་དྲུང་བོན་ཕྱོགས་ཀྱི་ཡིག་ཆའང་བསྡུ་རྒྱུ་རེད། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྔོན་གྱི་རྩོམ་ཡིན་དགོས་པ་མ་ཟད། རྩོམ་ལུགས་ལ་ཡང་བསྟོད་ཚིག སྙན་ངག མགུར་གླུ། ལྷུག་རྩོམ། སྒྲུང་གཏམ། ཟློས་གར། རྣམ་ཐར་རྟོགས་བརྗོད། བསླབ་བྱ་ལེགས་བཤད། གསོལ་འདེབས་སོགས་ཀྱི་ཡིག་ཆ་དགོས་པས། རྒྱ་ཆེ་བའི་གཡུང་དྲུང་བོན་གྲོགས་རྣམས་ཀྱིས་རྩོམ་རིག་གི་ཁྱད་བོན་འབུར་དུ་ཐོན་ཞིང་། བོད་གནའ་བོའི་རྩོམ་རྩལ་གྱི་དྲི་རླངས་འཐུལ་ཞིང་འཛམ་གླིང་རྩོམ་རིག་གི་དགའ་ཚལ་དུ་འགྲེམ་སྤེལ་བྱས་ཀྱང་ངོ་གནོང་མི་དགོས་པའི་རྒྱུ་ཆ་མཁོ་འདོན་དང་འོས་སྦྱོར་བྱ་རྒྱུ་ཐུགས་རྗེ་ཆེ།

གཞན་ཡང་དུས་རབས་བདུན་པའི་སྔོན་གྱི་ཡིག་ཆ་འམ་གནའ་རྩོམ་གྱི་ཁྱད་བོན་ལྡན་པའི་ཡིག་ཆ་ཡིན་ན་ལྷག་པར་དུ་བཟང་། རྒྱུ་མཚན་ཡང་རྒྱ་ཆེ་བའི་ཀློག་པ་པོ་ལ་གཡུང་དྲུང་བོན་གྱི་རྩོམ་རིག་གི་ཡིག་ཆ་མང་པོ་ངོ་སྤྲོད་བྱ་བའི་བརྒྱུད་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་གོང་མཐོར་འདེགས་དགོས་པ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད་པས་སོ།། དེས་བས་གཡུང་དྲུང་བོན་གྲོགས་རྣམས་ཀྱིས་བློ་གྲོས་ཀྱི་རྩལ་ཡོངས་སུ་སྤྲུགས་ནས་ལས་དོན་འདི་ལ་རྒྱབ་སྐྱོར་ཚད་མེད་གནང་བར་ཞུ་ཞུ།

རྩོམ་ཡིག་བསྐུར་ཡུལ་གཤམ་གྱི་གློག་འཕྲིན་ཁ་བྱང་ལྟར་འབྲེལ་གནང་ཞུ།

1144232616@qq.com

Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/24 17:00:55
སྐུ་མགྲོན་rVMy5C(སྐུ་མགྲོན)བཀའ་ལན་དགོངས་ཕྱོགས་གསུངས་འདུག་པར་བཀའ་དྲིན་ཆེ་ཞུ།
རྩོམ་པ་པོ།:སྐུ་མགྲོན་rVMy5C(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/22 21:22:32
kanaergesangསྤྱིར་འུ་ཅག་གིས་སྟོན་པའི་གསུང་སོགས་གཏེར་མའི་རིགས་ཐམས་ཅད་ལ་དད་མོས་ཀྱིས་སྒོ་ནས་དུས་རབས་བདུན་པའི་ཡར་སྔོན་དུ་ངོས་འཛིན་ཡང་། དེ་དག་ཕྱིས་སུ་གཏེར་སྟོན་རྣམས་ཀྱིས་སྐད་གསར་བཅད་ལྟར་ཕབ་སྒྱུར་བྱས་ཡོད་རྐྱེན་དེང་གིས་ཞིབ་འཇུག་པས་མཐོང་མ་ཐག་ཏུ་གནའ་རྩོམ་དུ་འཇོག་མིན་བཤད་དཀའ་བས། དེས་ཕྱིར་གནའ་རྩོམ་གྱིས་ཁྱད་ཆོས་ལྡན་ཞིང་། ཞིབ་འཇུག་པ་དག་གིས་ཀྱང་ཁས་ལེན་པ་དག་ཡིན་ན་ལེགས་པར་སྣང་བས་སོ།
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/21 0:42:52
སྐུ་མགྲོན་p73Wo0(སྐུ་མགྲོན)གཏམ་བཟང་རེད། ཡིན་ནའང་གཤམ་གྱི་འགྲེལ་བཤད་ནང་དུས་རབས་བདུན་པའི་སྔོན་གྱི་དཔེ་ཆ་གསུང་དུས་གང་འདྲ་ལ་གོ་བ་ལེན་དགོས་པ་ཤེས་དགོས་འདུག དཔེར་ན་སྟོན་པས་གསུངས་ཤིང་གྲི་གུམ་དང་དུས་རབས་བརྒྱད་པའི་སྐབས་སོགས་སུ་གཏེར་དུ་གཟིམས་ནས་ཕྱིས་དུས་རབས་བཅུ་པའི་ཕྱིན་ཆད་ནས་གཏེར་དང་སྙན་རྒྱུད་ཅི་རིགས་བྱུང་བ་དེ་ཚོ་ལ་ངོས་འཛིན་གང་འདྲ་གནང་གི་ཡོད་པ་ཡིན་ནམ། དེ་མིན་བོན་གྱི་སྐྱེས་ཆེན་རྣམས་ཀྱིས་གསུངས་པའི་གསུང་རྩོམ་ཁོ་ན་བསྡུ་བསྒྲིག་གནང་གི་ཡོད་པ་ཡིན་ནམ། དེ་གཉིས་ཀྱི་ཁྱད་པར་ཡང་ཤེས་དགོས་འདུག བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་མགྲོན་p73Wo0(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/20 20:56:25
kanaergesangདུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྔོན་གྱི་རྩོམ་ཡིག་ཡིན་དགོས་ཤིང་། བོད་ཀྱི་རྩོམ་པ་པོ་ལྔ་བརྒྱ་ལྷག་གི་རྩོམ་ཡིག་ལྔ་སྟོང་ལྷག་བསྡུ་རྒྱུ་རེད་པས། བསྡུ་མཚམས་ནམ་འཇོག་ད་དུང་གསལ་ཁ་མ་བྱུང་།
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/20 16:01:04
danzengyixi


རྟེན་འབྲེལ་ཞུ་ཞུ། ཤུགས་རེ་བྱོས་ཤོག་སྤུན་གྲོགས་དག
ལྷ་གཡག་དར་མས།
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/20 12:19:41
triyungblogཤིན་ཏུ་ནས་དགའ་འོས་པའི་དོན་བཟང་རེད། ཐུགས་རྗེ་ཆེ། གཞན་ད་རུང་དཔེ་སྐྲུན་ཁང་གི་མིང་དང་རྩོམ་སྒྲིག་པ། རྩོམ་ཡིག་བསྡུ་ཡུན་སོགས་བཀོད་གནང་ན་སྟབས་བདེ་ཡོང་ས་རེད་སྙམ་པ་བྱུང་། རང་ཉིད་ནས་རྗེས་སུ་ཡི་རངས་ཡོད།
ཁྲི་གཡུང་བས་སྨན་རི་ནས།
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/20 12:13:08
bontsewang(སྐུ་མགྲོན)བོན་ཕྱོགས་ཀྱི་དཔྱད་རྩོམ་སྐོར་གྱི་ས་མིག་མེད་དམ། དེ་ཡོད་ན་དགེ་མཚན་ཆེ་བར་སྙམ།
རྩོམ་པ་པོ།:bontsewang(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྲོགས་རྣམས་ལ་ཕུལ་བའི་གལ་ཆེ་བའི་གསལ་བརྡ་ཞིག | 2012/4/19 23:46:07
སྐུ་མགྲོན་0GWi04(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།།
རྩོམ་པ་པོ།:སྐུ་མགྲོན་0GWi04(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.