ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས།  | 2012-08-07 15:58:00

“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས།


ཕྱི་ལོ་༢༠༡༢།༨།༡ནས་༢༠༡༢།༨།༤བར་ས་རཱ་མཐོ་སློབ་ནས་གོ་སྒྲིག་འོག་ཉིན་བཞིའི་རིང་ལ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་<<གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ་>>ཞེས་པའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༨། ༣༠ ཀྱི་སྟེང་། དྷ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པའི་སྔོན་འགྲོའི་མཛད་སྒོ་འཚོགས་ཡོད་པ་ དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་སོགས་གདན་ཞུས་བྱས་ ཡོད་པ་དང་།

གཞན་ཡང་ཐེངས་འདིའི་རིག་གནས་བགྲོ་གླེང་ཐོག་ཆེད་དུ་བཅར་བའི་མཁས་པ་དང་ཉམས་ ཞིབ་པ། ཆོས་རྒྱུད་རིས་མེད་ཀྱི་མཐོ་སློབ་ཁག་གི་བགྲོ་གླེང་བ་རྣམ་པ་དང་། ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མཉམ་འཛོམས་བྱས་འདུག

ཐེངས་འདིའི་བགྲོ་གླེང་ཐོག་རྒྱ་གར་གྱི་ས་གནས་མཐོ་སློབ་ཁག་༡༨ནས་མཐོ་རིམ་ སློབ་མ་དང་། རིས་མེད་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཁག་གི་སྐུ་ཚབ་བཅས་བགྲོ་གླེང་བ་༣༦ དང་། ཟུར་ཉན་པ་༣༠ ཁྱོན་སྡོམ་མི་གྲངས་༧༠ ལྷག་མཉམ་ཞུགས་བྱས་འདུག་ལ། ཉིན་དེ་དག་རིང་<<གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ་>>ཞེས་བགྲོ་གླེང་གི་ཁ་བྱང་དུ་བཞག་ སྟེ། སྤྱིར་བོད་ཀྱི་གནའ་དེང་གི་རིག་གནས་ཞེས་པའི་བརྗོད་གཞི་སྡེ་ཚན་སོ་སོའི་ཐོག་ ཆེད་མཁས་པ་གདན་ཞུས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

དེ་ནས་ཉིན་རིམ་བཞིན་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་རྒན་བློ་གྲོས་དཔལ་བཟང་ལགས་ནས་རྩོམ་རིག་སྐོར་གསུང་བཤད་གནང་ཡོད་པ་དང་། སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་བསོད་ནམས་སྒྲོལ་མ་ལགས་ནས་དེང་སྐབས་བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་དང། དེའི་མྱུར་ཚད་ཅེས་པའི་ཐོག་གསུང་བཤད། བོད་ཀྱི་དཔེ་མཛོད་ཁང་གི་མཁས་པ་རྒན་ན་ག་སངས་རྒྱས་བསྟན་དར་ནས་བོད་ཀྱི་སྐད་ཡིག་སྐོར་གསུང་བཤད།  ས་རཱ་མཐོ་སློབ་ཀྱི་བརྡ་སྤྲོད་སློབ་དཔོན་རྒན་པ་སངས་ཚེ་རིང་ལགས་ནས་མཐོ་རིམ་སློབ་མའི་བོད་སྐད་ཀྱི་རིན་ཐང་སྐོར་གསུང་བཤད། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་ཚེ་དབང་སྟོབས་ལགས་ནས་ བོད་རིག་པའི་ཉམས་ཞིབ་དང་འབྲེལ་བའི་གནད་དོན་སྐོར་གསུང་བཤད་ཟབ་རྒྱས་གནང་བ། རྒན་བློ་བཟང་བསམ་གཏན་ལགས་ནས་བོད་ཀྱི་གར་གླུ་དང་། དེའི་བྱུང་འཕེལ། སྤྱོད་གོ་བཅས་ཀྱི་སྐོར་ལ་སྒྲོག་གླེང་གནང་ཡོད་པ་དང་།

དེ་མིན་ཕྱོགས་མཐའ་ནས་ཕེབས་པའི་མཐོ་རིམ་བགྲོ་གླེང་བ་རྣམ་པས་རིམ་པ་བཞིན་དུ་དུས་རབས་གསར་པའི་ནང་ནང་ཆོས་དགོངས་པ་འགྲེལ་སྟངས་དང་། སྨན་རིའི་གླིང་ནས་གནའ་བོའི་ཞང་ཞུང་ངོས་འཛིན་དང་དེའི་རིག་གནས་སྐོར་ལ་བགྲོ་གླེང་དང་།  ཅེ་ནའི་མཐོ་སློབ་ནས་ རང་མོས་སྙན་ངག་དང་དེའི་འཕེལ་རིམ་སྐོར་གླེང་བ། གནའ་བོ་མིའི་བྱུང་རིམ་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གླེང་བ། ཡང་ན་ཁྲོམ་རའི་སྟངས་འཛིན་སྐོར་ལ་དང་། ཀིརྟི་མཐོ་སློབ་ནས་རྩོམ་རིག་གི་འཕེལ་རིམ་དང། གནས་བབ་བཅས་ཀྱི་སྐོར་གླེང་བ།སྨན་རྩིས་མཐོ་སློབ་ནས་བོད་ཀྱི་རྡེལ་རྩིས་རིག་པའི་སྤྱོད་གོ་བཤད་པ་ཞེས་པའི་སྐོར་གླེང་བ། ཝར་ཎ་མཐོ་སློབ་ནས་སྐད་གསར་བཅད་ཐེངས་གསུམ་བྱས་པའི་གནས་ཚུལ་སྐོར་གླེང་བ། བྷ་རོ་ཌ་མཐོ་སློབ་ནས་ སྤྱི་ཚོགས་ཀྱི་ཤེས་ཡོན་ནམ། རྒྱ་གར་ནང་གི་ནང་པའི་ཆོས་ཀྱི་བྱུང་ཚུལ་སྐོར་རམ། ཡང་ན། རྒྱལ་སྤྱི་མཐུན་འབྲེལ་སྐོར་གླེང་བ། ས་སྐྱ་མཐོ་སློབ་ནས་བོད་ཀྱི་སློབ་གསོའི་ཁྲོད་ས་སྐྱ་ལེགས་བཤད་ཀྱི་འཕྲིན་ལས་ གླེང་བ།རིག་ལམ་སློབ་གཉེར་ཁང་ནས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་གནང་བའི་གྲུབ་དོན་མཇལ་བ། བྷེང་ལོར་མཐོ་སློབ་ནས་སེམས་ཁམས་རིག་པའི་ངོ་སྤྲོད་དམ། ཀློག་ཀླད་ཀྱི་དུས་ཡུན། ཡང་ན་དཔལ་འབྱོར་ཚོང་འབྲེལ་གྱི་གཅིག་འགྱུར་བྱུང་ཚུལ་ཐད་གླེང་བ། ནོར་གླིང་མཐོ་སློབ་ནས་བོད་ཀྱི་ལྷ་སྐུའི་རིགས་ཀྱི་རིག་གནས་སྐོར་གླེང་བ། ཅན་དྷེ་གྷར་མཐོ་སློབ་ནས་ཆབ་སྲིད་ཚན་རིག་གམ།  ལོ་རྒྱུས་སྤྱི་བབ།  ཡང་ན་དངུལ་ཁང་གི་སྟངས་འཛིན་སྐོར་གླེང་བ། ས་རཱ་མཐོ་སློབ་ནས་སྙན་ངག་མེ་ལོང་དང་ས་ཕག་སྐབས་བོད་ཀྱི་རྩོམ་རིག་སྐོར་གླེང་བ། འབྲི་གུང་མཐོ་སློབ་ནས་འབྲི་གུང་ཆེ་ཚང་རིན་པོ་ཆེས་བོད་བཙན་པོའི་རྒྱལ་རབས་རྩོམ་འབྲི་གནང་བའི་བརྒྱུད་རིམ་སྐོར་ལ་བགྲོ་གླེང་གནང་ཡོད་པ་དང་།

དེ་མིན་ཐེངས་འདིར་བགྲོ་གླེང་བ་རྣམས་པའི་དཔྱད་རྩོམ་ཁག་ལ་བརྒྱ་ཆའི་ཨང་རིམ་ལྟར་གྱི་བྱ་དགའ་ཡང་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

  • ཤོག་བྱང་། ddd 
  • Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-13 23:57:14
    zhongsongབཀྲ་ཤིས་བདེ་ལེགས་ཞུ།
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-13 10:59:15
    lahun garub(སྐུ་མགྲོན)“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པར་དགའ་བསུ་ཞུ།བཀྲ་ཤིས་བདེ་ལེགས།
    རྩོམ་པ་པོ།:lahun garub(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-10 09:41:39
    sangpo(སྐུ་མགྲོན)དགའ་བས་ཐལ་མོ་རྡེབ། སྐྱིད་པའི་གླུ་དབྱངས་ལེན། བོན་རྒྱལ་ལོ། བོན་རྒྱལ་ལོ།་བོན་རྒྱལ་ལོ།
    རྩོམ་པ་པོ།:sangpo(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-09 14:18:42
    kanaergesangགྲོགས་ཁྲི་གཡུང་དྲུང་ལགས་ལ་བྱ་དགའ་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ། བཀྲ་ཤིས་བདེ་ལེགས། བསྟན་པ་ལ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པས་ཡི་རངས་ཡོད།
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-08 18:29:33
    yongའདི་འདྲའི་གཏམ་བཟང་ཞིག་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ། འབྲིང་རྒྱུད་ནས།
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-08 13:33:35
    lotri(སྐུ་མགྲོན)congratulations
    རྩོམ་པ་པོ།:lotri(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-08 13:32:00
    དབལ་གསས་འབུམ(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ། congratulations
    རྩོམ་པ་པོ།:དབལ་གསས་འབུམ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་”ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པའི་གནས་བསྡུས། | 2012-08-08 13:02:06
    sangpo(སྐུ་མགྲོན)སྙིང་ཐག་པ་ནས་གུས་འདུད་དང་རྟེན་འབྲེལ་ཞུ།
    རྩོམ་པ་པོ།:sangpo(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.