མཁར་ནག་པའི་ཟིན་བྲིས།
སྤྱི་བསྒྲགས།
མཁར་ནག་སྐལ་བཟང་རྒྱལ་མཚོ།
མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།
མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།
མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།
མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཞོན་ནུའི་དགའ་སྟོན། | 2011/5/23 7:14:00
2
སྙན་ཚིག་གཞོན་ནུའི་དགའ་སྟོན།།
མཁར་ནག་སྐལ་བཟང་རྒྱ་མཚོ།།
མཁས་གཞོན་སྨྱུག་རྩེ་ལས་འཁྲུངས་སྙན་ཚིག་ཕྲེང་།།
མཁས་རྒུའི་དང་བ་འདྲེན་པའི་སྙན་འཇེབས་ཅན།།
མཁས་རློམ་བྱིས་པའི་སྣང་ངོར་སྙན་མིན་ཡང་།།
མཁས་འདོད་བློ་གསལ་ཚོགས་ལ་སྙན་པའི་མཆོག།
མཁས་གྲུབ་བྱེ་བའི་ལེགས་བཤད་སྙན་རྩོམ་དང་།།
མཁས་པས་དཀའ་གནད་བཀྲོལ་པའི་སྙན་འགྲེལ་གཞུང་།།
མཁས་པར་འདོད་པས་རྟག་ཏུ་སྙན་མངགས་ལ།།
མཁས་ཚུལ་གསུམ་གྱིས་བརྩོན་ན་སྙན་གྲགས་རྒྱས།།
མཁས་བརྒྱས་ལེགས་བཤད་གྱེར་བའི་སྙན་དབྱངས་དང་།།
མཁས་པ་གཞོན་ནུས་བརྩམས་པའི་སྙན་ཚིག་བཞིན།།
མཁས་མཛངས་རྣམ་དཔྱོད་རྒྱས་པའི་སྙན་ལམ་དུ།།
མཁས་འདོད་བདག་གིས་བགྱིས་འདི་སྙན་མིན་ནམ།།
རྩོམ་པ་པོ།:མཁར་ནག་པ། | བལྟ་ཀློག(210) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼ ༣༽
- ཟིན་ཐོ་འོག་མ།སྙིང་གཏམ་མུ་ཏིག་དོ་ཤལ།