ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།


བྲག་མགོ་ཚེ་དབང་རྒྱལ་མཚན། 

ཟིན་བདག་འབྲེལ་བྱང་།

bontsewang@yahoo.in

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 43
  • དཔྱད་བརྗོད། 120
  • ཆེམས། 0
  • ཀློག་གྲངས། 17757


 
བོན་བསྟན་རྒྱས་པའི་སྨོན་ལམ
[ 2012/8/28 11:18:00 | By: བྲག་མགོ་ཚེ་དབང་། ]
 

བོན་བསྟན་རྒྱས་པའི་སྨོན་ལམ་ཡིད་བཞིན་ཀུན་འགྲུབ་

ཅེས་བྱ་བ་བཞུགས།

ཨེ་མ་ཧོ། བསྐལ་བཟང་འགྲོ་བའི་སྐྱབས་མཆོག་བླ་ན་མེད།

བདག་གིས་ཇི་སྨོན་བསམ་འགྲུབ་དབང་པོ་ལ།

སྨོན་ལམ་ཐེབས་བཞིན་འགྲུབ་པར་བྱིན་གྱིས་རློབས།

སྐྱབས་མཆོག་གཡུང་དྲུང་གནས་བཞིའི་ཐུགས་རྗེ་ཅན།

དོན་དམ་བསླུ་བ་མེད་པའི་བདེན་སྟོབས་དང།

བོན་ཅན་དམ་རྒྱ་མཚོའི་མཐུ་རྩལ་དང་།

བདག་གི་བདེན་སྨོན་རྣམ་པར་དག་པའི་མཐུས།

གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན།

རབ་འབྱམས་སྐྱེ་དགུའི་བསོད་ནམས་ཞིང་མཆོག་ཏུ།

ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་རྒྱས་ནས།

ནམ་ཡང་འགྱུར་ནུབ་མེད་པའི་བཀྲ་ཤིས་ཤོག 

བསྐལ་སྟོང་ཉིན་མོར་བྱེད་པའི་སྒྲོན་དབང་མཆོག 

རྒྱལ་གཤེན་བསྟན་པའི་རང་ལུགས་འོད་པོ་ཆེ། 

ཡིད་ཅན་བསོད་ནམས་མཁའ་ལ་བརྟག་འབར་ཞིང་། 

དུས་ཀུན་འགྲིབ་པ་མེད་པའི་བདེ་ལེགས་ཤོག 

གཤེན་བསྟན་རིན་ཆེན་གསེར་གྱི་ལྷུན་པོ་ལ།

མདོ་སྔགས་ཉི་ཟླ་འབུམ་གྱིས་ལེགས་འཁྱུད་ཅིང་།

ཕྲིན་ལས་ཟེར་ཕྲེང་ཕྱོགས་བཅུར་རབ་གཡོས་ནས།

ཞིང་ཀུན་རྣམ་དཀར་སྣང་བས་རྟག་ཁྱབ་ཤོག

མདོ་འབུམ་རྒྱུད་མཛོད་པད་མོའི་དགའ་ཚལ་དུ།

མཐའ་ཡས་འགྲོ་བའི་བུང་བས་མངོན་རོལ་ཏེ།

འཆད་རྩོད་རྩོམ་བསྒྲུབ་ལེགས་བརྒྱའི་སྙན་འགྱུར་འབུམ།

ནམ་མཁའི་མཐར་ཁྱབ་རྒྱུན་དུ་སྒྲོག་པར་ཤོག

རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ།

རྒྱུད་གསུམ་ཟུང་འབྲེལ་དགོན་སྡེ་བསམ་མཐའ་ཡས།

བཤད་སྒྲུབ་ཕྲིན་ལས་ཉི་ཟླའི་ཟེར་བཞིན་རྒྱས།

ཕུན་ཚོགས་དགེ་མཚན་ཡར་ཟླ་ལྟར་འཕེལ་ཤོག 

རྒྱལ་ཀུན་འདུས་ཞལ་མཚན་ལྡན་བླ་མའི་ཚོགས།

ཞབས་པད་གདོང་ལྔའི་ཁྲི་ལ་རྟག་བརྟག་བརྟན་ཅིང་།

མཛད་བཟང་གསེར་གྱི་འཁོར་ལོ་རིན་པོ་ཆེས།

གདུལ་དཀའི་འགྲོ་རྣམས་ཁ་ལོ་གྱེན་བསྒྱུར་ཤོག 

རིག་གྲོལ་ཡོན་ཏན་དྲུག་ལྡན་འདུས་པའི་སྡེ།

གང་གའི་ཀླུང་གི་བྱེ་སྙེད་ཙམ་འཕེལ་ཞིང་།

ཐུགས་མཐུན་ཁྲིམས་གཙང་ཕྲིན་ལས་མཐར་ཕྱིན་ནས།

མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག

རྣམ་དག་འདུལ་འཛིན་ནོར་བུའི་ལྗོང་བཟང་ལ།

ཟབ་རྒྱས་སྡེ་སྣོད་ཡལ་འདབ་འབུམ་འབྱམས་ཤིང་།

ཐེག་ཆེན་སྤངས་རྟོགས་འཛུམ་ལྡན་བྱེ་བའི་དབུས།

སྐུ་དང་ཡེ་ཤེས་ཕྲིན་ལས་འབྲས་སྨིན་ཤོག

ངུར་སྨྲིག་ལེགས་འཆང་འཕགས་མཆོག་གྲངས་མེད་ཀྱིས།

བསླབ་གསུམ་རིན་ཆེན་དང་པོའི་རྩིབས་སྟོང་ཅན།

ཡངས་པའི་ཞིང་ཁམས་ཀུན་ཏུ་རྟག་བསྒྱུར་ནས།

འགྲོ་ཀུན་ཞི་བདེའི་དཔལ་ལ་འགོད་པར་ཤོག

བརྒྱད་ཁྲི་བཞི་སྟོང་ཀླུ་དབང་ལྗོན་པའི་རྩེར།

ལུང་དང་རིག་པའི་ཁུ་བྱུག་བསྒྲངས་ཡས་པས།

འགྲོ་ལ་ལེགས་བཤད་འདོམ་པའི་ཚངས་དབྱངས་ཀྱིས།

གདུལ་བྱ་མཐའ་ཡས་ཤེས་རྒྱུད་བཀྲོལ་བར་ཤོག

རིང་ལུགས་རྨ་མེད་བསིལ་རིའི་ཁོངས་སིང་ནས།

རིག་གྲོལ་རྩལ་རྫོགས་སྨྲ་སེང་བསམ་ཡས་ཀྱིས། 

རྒོལ་བ་ཚར་གཅོད་ཚད་གསུམ་རྩོད་པའི་སྒྲས།

རྨོངས་འཁྲུལ་འཁོར་བའི་ལོག་རྟོག་དྲུང་འབྱིན་ཤོག

གཞུང་ལུགས་སྒོ་བརྒྱ་བཀྲོལ་བའི་ལྡེ་མིག་མཆོག

བཅུ་རིག་ཕུལ་ཕྱིན་སྨྲ་དབང་གྲངས་འདས་ཀྱིས།

ཟབ་དོན་དགོངས་འགྲེལ་འདོད་འབྱུང་ནོར་བུའི་ཆར།

འགྲོ་ཀུན་ཐར་པའི་དགའ་སྟོན་འབྱེད་པར་ཤོག

རྒྱ་ཆེ་ཐོས་བསམ་སྒོམ་པའི་རླུང་རྩལ་གྱིས།

རྒྱུད་གསུམ་བདུད་རྩིའི་རྒྱ་མཚོ་ཡོངས་རྔུབ་ནས།

ལེགས་བཤད་ཟབ་མོའི་ཆུ་བཞི་རྒྱུན་འབེབས་མཁན།

མཁས་གྲུབ་དུ་མས་ས་སྟེང་ཀུན་ཁྱབ་ཤོག 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.