ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།
[ 2014/1/28 21:05:00 | By: བྲག་མགོ་ཚེ་དབང་། ]
 

ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།

༢༠༡༤ལོའི་ཟླ་དང་པོའི་ཚེས་གཉིས་སམ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་དབྲ་སྲས་འཇའ་ལུས་པའི་གདན་ས་༸དཔལ་གཤེན་བསྟན་བདེ་ཆེན་བསམ་གཏན་སྨིན་གྲོལ་གླིང་དུ་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་དར་སྤེལ་ལྟེ་གནས་ལྷན་ཚོགས་ཀྱིས་གོ་སྒྲིག་ལྟར་ཟླ་འདིའི་ནང་དུ་ཕྱོགས་ཀྱི་སློབ་མ་ཁག་གི་གུང་གསེང་དང་སྟབས་བསྟུན་༼ཞང་བོད་རྒྱུན་ཤེས༽སྐོར་ཐེངས་དང་པོར་མཉམ་ཞུགས་གནང་མཁན་ཕྱོགས་མཐའ་སོ་སོ་ནས་ཕེབས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དགུ་ཙམ་གྱི་སློབ་མ་ཁྱོན་དྲུག་ཅུ་ལྷག་ཙམ་མཉམ་ཞུགས་བྱུང་།

11.JPG22.JPG

      དེ་ནི་སྤྱིར་སྟངས་བོན་གྱི་བསྟན་སྲིད་དར་ས་ཞིག་ལ་བསམ་ན་ཅིང་རྩ་ཆེན་དང་ངོ་མཚར་ཆེས་རྒྱུ་མེད་མོད། ས་གནས་འདིར་མཚོན་ན་ཧ་ཅང་གི་དོན་ཆེན་ཞིག་ཏུ་བརྩིས་རུང་། རྒྱུ་མཚན་ནི་ཡུལ་འདི་ན་འཇའ་ལུས་པ་དབྲ་སྲས་ཟླ་བ་གྲགས་པ་མཆོག་དང་ནམ་མཁའ་འོད་ཟེར་རིན་པོ་ཆེ་སོགས་ཕེབས་པ་མ་ཟད་དུས་རབས་བཅུ་གསུམ་ཙམ་གྱི་ཡར་སྔོན་ནས་ལོ་རྒྱུས་ཡོད་པའི་གནས་ཁྱད་པར་བ་ཞིག་ཡིན་ཡང་། དུས་ཀྱིས་འགྱུར་འགྲོས་དང་སྡེ་བའི་ཉེ་གནས་ཀྱི་ཆོས་ལུགས་གྲུབ་མཐའ་སོགས་གཞན་དབང་ཤུགས་རྐྱེན་ཆེས་པའི་ས་གནས་ཞིག་ཏུ་གྱུར་ཡོད་པས་སོ།། འདི་ལྟར་བཤད་པ་ཙམ་གྱིས་ཡིད་ལ་འཆར་ཐོབ་པ་དཀའ་མོད་ཀྱང་འདི་ཕྱོགས་སུ་གནས་མཇལ་ཕེབས་རིགས་རྣམ་པའི་ཐུགས་ལ་གསལ་ཁོ་ཐག་ཡིན། གང་ལྟར་༼ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱི་སློབ་གླིང་༽གི་སློབ་མ་ཚོ་༼ཞང་བོད་རྒྱུན་ཤེས༽སྐོར་ཚོགས་ཐུབ་པ་མ་ཟད་ད་རེའི་བགྲོ་གླེང་སོགས་འཚོགས་པ་དེ་ཡང་འདི་གའི་གཞིས་དགོན་གཉིས་ཀྱི་བསྟན་སྲིད་ཀྱི་གོམ་པ་དང་པོ་དེ་ཡིན་ཞེས་བཤད་སྤོབས། ཕྱི་ཟླ་འདིའི་ཚེས་༢༦ཉིན་ཁ་དགེ་བཀྲ་ཤིས་ངང་ཚོགས་ཐེངས་དང་པོ་ལེགས་པར་མཇུག་སྡོམ་གྱིས་ལེགས་པར་གྲུབ།

33.JPG44.JPG

ཧི་བོན་དྲྭ་ཚིགས་ལས་བཤུས།

 
 
Re:ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།
[ 2014/3/2 17:50:22 | By: སྐུ་མགྲོན་u85Csf(སྐུ་མགྲོན) ]
 
སྐུ་མགྲོན་u85Csf(སྐུ་མགྲོན)ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་དེ་ནི་ཆེས་ཞང་བོད་
གཉིས་ཀྱི་ཤེས་རིག་ལ་གནད་དུ་སྨིན་པའི
་བྱ་བ་དང་དུས་ལ་བབ་པའི་མཛད་སྤྱོད་ཞིག་ཡིན་ཕྱིར་ང་ཅག་ཚོས་ནམ་ཡང་དགའ་བསུ་ཞུ་བཞིན་ཡོད། རིག་རང་འབར་ནས།།
 
 
Re:ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།
[ 2014/1/29 2:40:19 | By: སྐུ་མགྲོན་8DTf83(སྐུ་མགྲོན) ]
 
སྐུ་མགྲོན་8DTf83(སྐུ་མགྲོན)ཡི་རང་ཞུ་བོན་ཕྲུག་ལོ་ཡིན་བསམ་བསམ་གདའ། དེ་ཚོའི་རྒྱུད་ལ་བོན་ཀྱི་ས་བོན་བཏབ་པར་དགའ་བསུ་དཔག་མེད་ཞུ་བྱ་བ་ཡག་ལེ་གདའ།
 
 
Re:ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།
[ 2014/1/29 0:12:49 | By: སྐུ་མགྲོན་027Iam(སྐུ་མགྲོན) ]
 
སྐུ་མགྲོན་027Iam(སྐུ་མགྲོན)བོན་ཕྲུག་དེ་ཚོ་ངོ་མ་ཤ་ཚ་ལེ་ཡ་ང་ལེ་གདའ། ང་ཚོའི་རྒྱབ་རྩ་དངོས་གནས་དེ་ཁོང་ཚོ་རེད་ད། གཞན་ང་ཚོ་ལ་རྒྱབ་རྩ་ཟེར་ཆི་ཡོད་ལེ་མ་རེད། ཨ་རོགས་ཚོ། །
 
 
Re:ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།
[ 2014/1/28 23:41:08 | By: སྐུ་མགྲོན་027Iam(སྐུ་མགྲོན) ]
 
སྐུ་མགྲོན་027Iam(སྐུ་མགྲོན)ལས་འགུལ་འདི་ཚོ་ཡག་པོ་འདུག། རྗེས་སུ་ཡིད་རངས་དང་བཀྲ་ཤིས་བདེ་ལེགས་ཞུ། རྒྱ་ཆེན་པོ་ཞིག་དགོས་ལེ་མ་རེད། རང་རང་ས་ནས་གང་ཐུབ་ལེ་དེ་ལོས་ཤོག་དང་ངོ་མ་འགྲིག་བསྡད་འདུག།ལས་དོན་འདི་འདྲའི་ཆེད་དུ་མ་དངུལ་སོགས་འཇོག་ཡག་པོ་བྱ་རྒྱུའི་སྐོར་ལ་དགོངས་པ་སྔོན་ཙམ་ནས་བཞེས་དགོས། ཐིགས་པ་བསགས་པའི་རྒྱ་མཚོ་ཟེར་བའི་དཔེ་ལྟར་ཆུང་ཆུང་ནས་ཆེན་པོར་ལངས་ཐུབ་དགོས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.