ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྣལ་འབྱོར་བའི་ཉམས་མགུར།
[ 2014/3/21 19:50:00 | By: བྲག་མགོ་ཚེ་དབང་། ]
 

གཤེན་གྱི་རྣལ་འབྱོར་བའི་ཉམས་མགུར།

 

 

༼སྨན་རིའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན།༽

 

ཀ་དག་ཡེ་གྲོལ་ཆེན་པོ་བློ་འདས་ཀྱི་དགོངས་པ།།

ཁ་དོག་ལྔ་གསལ་ཡེ་ཤེས་རང་ཤར་གྱི་གནས་ལུགས།།

ག་ནས་མ་བཅོས་རང་བབས་ངང་དྭངས་ལ་ཞོག་དང་།།

ང་མེད་ཤུགས་ལ་འབྱུང་གི་འབད་རྩོལ་ནི་མི་དགོས།།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

 

ཅ་ཅོལ་བརྡ་ཡིས་མི་གོ་བརྗོད་མེད་ཀྱི་དགོངས་པ།།

ཆ་བཞག་བློ་ཡིས་མ་བསླད་ཡིན་ལུགས་འདི་རང་གྲོལ།།

ཇ་ཡུན་ཙམ་ལ་གསལ་ཡང་ཚེ་རབས་ཀྱི་ལས་དག།

ཉམས་མྱོང་འདི་ལ་གྱིས་དང་སྲིད་པ་ནི་ཧྲུལ་འགྲོ།།

 

ཏ་རེར་བལྟས་ཀྱང་མི་མཐོང་རང་གསལ་གྱི་དགོངས་པ།།

ཐ་ལེ་ཟང་ངེ་ཧ་རེ་སྣང་ཚད་དེ་སྟོང་གཟུགས།།

ད་བཟོད་རེ་སྨོན་ཡུལ་མིན་འདི་ཀ་རང་ཀུན་བཟང།།

ན་འཆི་རྒས་རྒུད་མེད་པ་གཞོན་ནུ་ཡི་བུམ་སྐུ།།

 

པ་ཏྲའི་སྣང་ཚོགས་མ་འགག་རང་ཤར་གྱི་དགོངས་པ།།

ཕ་རོལ་ཚུར་རོལ་མེད་པ་མེ་ལོང་གི་གཟུགས་བརྙན།།

བ་གའི་ཀློང་ཆེན་འདི་ལ་ཐམས་ཅད་ནི་ཤོང་འདུག།

མ་ཡུམ་འདིའི་རུམ་ཉོལ་དང་བདེ་ཆེན་དེ་འཐོབ་ཡོང།།

 

ཙ་མོ་ཆབ་ལས་མི་འདའ་རྩལ་རྫོགས་གི་དགོངས་པ།།

ཚ་གྲང་ཚོར་འདུའི་ཕུང་པོ་མ་འགག་པར་ཤར་ཚེ།།

ཛ་དྲག་རིག་པའི་རལ་ཀྱུ་ཕྱོགས་མེད་དུ་སྐོར་དང་།།

ཝ་སྐྱེས་རྟོག་པའི་དཔུང་ཚོགས་རྨེང་མེད་དུ་བརླག་འགྲོ།།

 

ཞ་དཀར་བོན་གྱི་ལྟ་བ་རྫོགས་ཆེན་གྱི་དགོངས་པ།།

ཟག་བཅས་ཟག་མེད་རོ་གཅིག་གསལ་སྟོང་དེ་དབྱེར་མེད།།

འ་འོལ་སབ་སོབ་མེད་པར་ཉག་གཅིག་ལ་ཞོག་དང་།།

ཡ་མཚན་ཆེན་པོའི་གྲོལ་རྟགས་རིག་པ་ནི་རང་འཆར།།

 

ར་བེ་རི་བའི་ཉམས་ཟད་ལྷག་མཐོང་གི་དགོངས་པ།།

ལ་བཟླ་ཐག་ཆོད་མན་ངག་ཏོལ་སྐྱེས་དེ་ཐད་གྲོལ།།

ཤར་གྲོལ་མ་འགག་དྲན་ཐག་ཆུ་རྒྱུན་བཞིན་སྐྱོངས་དང་།།

ས་ལམ་གཅིག་རྫོགས་སྐུ་གསུམ་ད་ལྟ་རང་མངོན་ཡོང།།

 

ཧ་རེ་མ་བཅོས་ཀུན་ཡིན་གང་མིན་གྱི་དགོངས་པ།།

ཧ་ཀྱང་རྒྱང་རིང་མ་བསམ་རང་རྩ་རུ་ཡོད་ཀྱི།།

ཨ་མཐས་འཛིན་པའི་རྒྱ་འདི་རང་ས་རུ་ཞིག་ནས།།

ཨ་རོག་མི་ལུས་ཐོས་ལྡན་དོན་ཆེན་ཞིག་འགྲུབ་ཤོག

 
 
Re:རྣལ་འབྱོར་བའི་ཉམས་མགུར།
[ 2014/3/21 20:20:08 | By: hkouyrdv8(སྐུ་མགྲོན) ]
 
hkouyrdv8(སྐུ་མགྲོན)རྣལ་འབྱོར་བ་མཚམས་པ་གཡུང་དྲུང་རྒྱལ་མཚན་མཆོག་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.