ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ། 
[ 2012/5/22 13:43:00 | By: བྲག་མགོ་ཚེ་དབང་། ]
 

བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།

             བརྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་བཀའ་དང་བཀའ་བརྟེན་གྱི་ས་མཚམས་རགས་ཙམ་གླེང་བ་ལ།  གཞན་ལུགས་དང་རང་ལུགས།   དེ་ལ་རྩོད་པ་སྤང་བ་དང་གསུམ་ལས།

                 དང་པོ་འདི་ལ་འགའ་ཞིག་གིས་‘‘སངས་རྒྱས་ཀྱིས་གསུངས་པ་བཀའ་ལ།   དེ་ལ་བརྟེན་ནས་སེམས་དཔའ་དང་རྟོག་གེ་བ་ཕལ་པས་མཛད་པ་བཀའ་བརྟེན་ཞེས།’’གསུང་པ་དང་།   ཡང་མཁས་པ་འགའ་ཞིག་གིས། ‘‘གང་གིས་གསུང་ཀྱང་རུང་སྟེ་རང་རྐྱ་ཐུབ་པ་ནི་བཀའ་ལ།   མ་ཐུབ་ན་བརྟེན་པ།’’ཞེས་གསུང་པ་སོགས་མང་དུ་སྣང་ཡང་མདོར་བསྡུས།

         གཉིས་པ་སངས་རྒྱས་སྐུ་ཡིས་འདུལ་དུས་སུ་གསུངས་བའི་བཅོས་སླད་མེད་པའི་ཚད་མར་གྱུར་པ་སྟེ་བཀའ་རུ་འཇོག་ཏེ།    བཀའ་ཡི་མ་མཐའི་ས་མཚམས་ནི་སྐུ་ཡིས་འདུལ་དུས་མ་རྫོགས་པར་དང་ཡ་མཐའ་སངས་རྒྱས་ཀྱི་བསྟན་པ་དབུ་འཛུགས་པ་ནས་ཡིན་ལ།  འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས།   བཀའ་དང་བཀའ་བརྟེན་གྱི་ས་མཚམས་བཤད་པའི་སྐབས་སུ།‘‘དེས་ན་གཉིས་པ་རང་ལུགས་ནི་སངས་རྒྱས་སྐུས་འདུལ་བའི་དུས་སུ་གསུངས་པ་དང།  དེ་ལ་མ་བཅོས་མ་སླད་པ་གཅིག་ཡིན་ཏེ།  བཀའ་ཡི་མཚན་ཉིད་བཅོས་སླད་མེད།  ཅེས་དང།   བདུད་ཀྱི་ལོག་ཚིག་དང་འཁོར་ཞུ་བ་པོའི་ངག་ཀྱང་བཀའ་ཡི་ཁོངས་སུ་བསྡུས་ནས་བྱོན་པས་སོ།’’ཞེས་གསུངས།   བོན་རང་ལུགས་ལ་བཀའ་ཡིན་ན་སངས་རྒྱས་རང་གི་གསུང་ཡིན་པའི་ངེས་པ་མེད་ལ། 

བཀའ་བརྟེན་ནི་གསུང་གི་བསྟན་པ་དབུ་འཛུགས་པ་ནས་ས་མཚམས་ངོས་བཟུང་དགོས་པར་སྣང་།   འགྲོ་མགོན་རིན་པོ་ཆེའི་སྔགས་འགྲེལ་ལས‘‘སངས་རྒྱས་ཀྱི་གསུང་གི་བསྟན་པ་ལ་གསུང་པ་དང་བཀའ་ཡི་དགོངས་པ་འགྲེལ་བ་ནི་བརྟེན་པ་སྟེ།  ང་དང་མཉམ་པའི་རྩལ་ཤུགས་ཁྱོད་ལ་ཡོད།  ཅེས་པའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་མུ་ཆོ་ལྟ་བུ་གསུངས་པ་ཡང་བརྟེན་པར་བྱོན་ཏེ་སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་ཞེས་གསུང་པས་སོ།’’ཞེས་གསུང་པ་ལས་སོགས་ཤུགས་ཀྱི་མངོན་ནོ།།

           གསུམ་པ་ལ་སངས་རྒྱས་ཀྱིས་གསུངས་པ་བཀའ་ལ།   དེ་ལ་བརྟེན་ནས་སེམས་དཔའ་དང་རྟོག་གེ་བ་ཕལ་པས་མཛད་པ་བཀའ་བརྟེན་ཞེས་པས།   དེས་ན་གསུང་གི་འདུལ་དུས་སུ་སྦྱང་པའི་ཤེས་རབ་ཟབ་མོས་གསུང་པ་བཀའ་ཞེས་གསུང་པ་དང་འགལ་ལ།  རང་རྐྱ་ཐུབ་པ་ནི་བཀའ་ལ།  མ་ཐུབ་ན་བརྟེན་པ་གསུངས་པས།  དེས་ན་ལུང་ལས།  ཁམས་བརྒྱད་ལྟ་བུ་རང་རྐྱ་མ་ཐུབ་པ་ཞེས་གསུང་པ་ལས་སོགས་དང་འགལ། /           དགེའོ།།  །།

 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/30 12:17:58 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)སྐུ་མགྲོན་tYo0SFལགས་འདིར་ཕེབས་ནས་དགོངས་བཞེད་བཀོད་པར་དགའ་བསུ་ཞུ།
ངོས་ནས་ས་མཚམས་དེ་ལྟར་བཤད་མོད་ཀྱང་། སྐུ་ཉིད་ཀྱིས་ཐལ་འགྲོ་འདུག་ཞེས་གསུངས་པ་བཞིན་ཐལ་དོགས་མེད་མོ། གང་ཡིན་ཟེར་ན་ཆུ་ནང་ཉ་ལ་རྐྱལ་རྩལ་དང་། བར་སྣང་བྱ་ལ་བྱ་ལམ་སྣ་ཚོགས་རེད།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/30 0:40:32 | By: སྐུ་མགྲོན་tYo0SF(སྐུ་མགྲོན) ]
 
སྐུ་མགྲོན་tYo0SF(སྐུ་མགྲོན)ཁྱེད་ཀྱིས་བཀའ་ཡི་ཡ་མཐའི་ས་མཚམས་ནི་སངས་རྒྱས་ཀྱི་བསྟན་པའི་དབུ་འཛུགས་པ་ནས་མ་མཐའ་སངས་རྒྱས་སྐུ་ཡི་འདུལ་དུས་མ་རྫོགས་བར་དུ་བཤད་འདུག ད་ལྟའི་སྟོན་པ་ལ་ཡང་སྦྱར་ཚེ་དེ་ལྟ་སྒོ་བ་ནི་ཤུགས་ལས་གྲུབ། དེས་ན་ད་ལྟའི་སྟོན་པའི་བསྟན་པ་དབུ་ཟུག་མ་འཛུགས་ཀྱི་སྔར་ཚེ་ལོ་ཁྲི་བའི་སྐབས་སུ་ལྷ་གནས་སུ་འཆི་མེད་གཙུག་ཕུད་ཀྱིས་གསུང་པའི་བོན་རྣམས་ད་ལྟའི་སྟོན་པའི་བཀའ་མ་ཡིན་པར་ཤུགས་ལས་གྲུབ་པོ།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/28 13:46:55 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)སྐུ་མགྲོན་u85Cs2ལགས་ནས་དྲི་བར།
སྔོན་ཚེ་ལོ་ཁྲི་བའི་གནས་སྐབས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལྷ་གནས་སུ་གསུང་པའི་བཀའ་རྣམས་ད་ལྟའི་སྟོན་པའི་བཀའ་མ་ཡིན་ནམ།
དྲིས་ལན།
སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལྷ་གནས་སུ་གསུངས་བའི་བོནརྣམས་ད་ལྟའི་སྟོན་པའི་བཀའ་ཡིན་པར་མ་ཚད་ཞལ་ནས་གསུང་བའི་བཀའ་ཡིན་པའང་ལུང་ལས་གསལ་བོ་གསུངས་ཡོད།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/27 14:20:54 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)ད་ལྟའི་སྟོན་པའི་བསྟན་པ་དབུ་ཟུག་པའི་དུས་ངོས་འཛིན་གསལ་པོ་ཞིག་གནང་རོགས།
དྲིས་ལན།
ནམ་རྒྱུན་ཡོངས་གྲགས་དབང་དུ་བྱས་ན་ད་ལྟའི་སྟོན་པ་གཤེན་རབ་ཀྱི་བསྟན་པ་དབུ་འཛུགས་པའི་དུས་ནི་སྟོན་པ་དེ་ཉིད་རྒྱལ་སར་ཕྱུང་བའི་དུས་ནས་དབུ་ཟུག་པའི་དུས་ངོས་འཛིན་ཞུ་མུས་ཡིན།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/26 2:53:26 | By: སྐུ་མགྲོན་p63Vna(སྐུ་མགྲོན) ]
 
སྐུ་མགྲོན་p63Vna(སྐུ་མགྲོན)དགེ་བཤེས་ལགས་ཀྱིས་ལེགས་པོ་བྲིས་འདུག ཁྱེད་ཀྱིས་བཀའ་ཡི་ཡ་མཐའི་ས་ཚམས་སངས་རྒྱས་ཀྱི་བསྟན་པའི་དབུ་འཛུགས་པ་དང་མ་མཐའ་སྐུ་ཡི་འདུལ་དུས་མ་རྫོགས་པར་གསུང་འདུག ད་ལྟའི་སྟོན་པའི་བསྟན་པ་དབུ་ཟུག་པའི་དུས་ངོས་འཛིན་གསལ་པོ་ཞིག་གནང་རོགས།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
མྱི་སུ་ཡིན་མ་ཤེས་ཀྱང་འདིར་ཕེབས་གཟིགས་གནང་ནས་དྲི་བར་འདོན་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/24 21:31:16 | By: THabkhs(སྐུ་མགྲོན) ]
 
THabkhs(སྐུ་མགྲོན)བྲག་མགོ་དགེ་བཤེས་ལགས།
བཀའ་དང་བཀའ་བརྟེན་གྱིས་ས་མཚམས་གླེང་བ་འདི།
བཀླགས་ཟིན་པ་ཡིན།
ཚིག་ཉུང་དོན་ཟབ་གོ་བདེ་བའི་གནད་བྲིས་འདིས་རང་རེས་སློབ་པ་དོན་གཉེར་ཅན་རྣམས་ལ་ཕན་ནུས་འདུག་པས་དགའ་བསུ་དང་ཡི་རངས་ཡོད། དེར་མ་ཟད་མ་འོངས་སླད་པའི་ཆར་ལའང་འདིའི་རིགས་གང་མང་སྤེལ་རོགས།།
བཀྲ་ཤིས་ནས།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་ཐོག་མར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
འདིར་ཕེབས་གཟིགས་དང་བསམ་ཚུལ་བཀོད་པར་དགའ་བསུ་ཞུ། མ་འོང་པའི་ཆ་ལའང་འདིར་ཕེབས་རྐྱང་གནང་ནས་ལེགས་ཉེས་ཐད་བསམ་ཚུལ་གང་མང་འཁོད་རོགས་གནང་།།
 
 
Re:བཀའ་དང་བཀའ་བརྟེན་གྱི་ས་མཚམས་གླེང་བ།
[ 2012/5/24 21:24:04 | By: THabkhs(སྐུ་མགྲོན) ]
 
THabkhs(སྐུ་མགྲོན)བྲག་མགོ་དགེ་བཤེས་ལགས།
བཀའ་དང་བཀའ་བརྟེན་གྱིས་ས་མཚམས་གླེང་བ་འདི།
བཀླགས་ཟིན་པ་ཡིན།
ཚིག་ཉུང་དོན་ཟབ་གོ་བདེ་བའི་གནད་བྲིས་འདིས་རང་རེས་སློབ་པ་དོན་གཉེར་ཅན་རྣམས་ལ་ཕན་ནུས་འདུག་པས་དགའ་བསུ་དང་ཡི་རངས་ཡོད། དེར་མ་ཟད་མ་འོངས་སླད་པའི་ཆར་ལའང་འདིའི་རིགས་གང་མང་སྤེལ་རོགས།།
བཀྲ་ཤིས་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.