ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར།
[ 2011/11/25 0:32:00 | By: བྲག་མགོ་ཚེ་དབང་། ]
 

ང་རྒྱལ་དང་ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར་རགས་ཙམ་གླེང་བ།

 

                     སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུའི་སྐྱེས་རབས་སྔ་མ་ལས་འཕྲོས།   དེ་དུས་གྱད་བུ་ཐུང་དམྱལ་ཁམས་ལས་ཐར་ཡང་།    ཚེ་སྔོན་འདོད་ཆགས་དབང་གིས་ཡི་དྭགས་བཀྲེས་སྐོམ་ཅན་དུ་སྐྱེས་པས།   ཡི་དྭགས་གཞན་རྣམས་བཀྲེས་སྐོམ་སྡུག་བསྔལ་བརྗོད་དུ་མེད་པ་མྱོང་བར་མཐོང་ཏེ་བཟའ་བཏུང་ཇི་སྙེད་ཡི་དྭགས་ཚོགས་ལ་སྦྱིན།    བཟའ་བཏུང་ཕྲན་བུ་རྙེད་ཀྱང་ཁྱབ་པས་འཕྲོག་བཅོམ་དང་བསམ་ངན་སྣ་དགུ་སྦྱར་བས་དེ་ལའང་བཟོད་སྒོམ་དང་སླར་ཡང་ཕན་པའི་ཐབས་ལ་འབད་སྟབས།    དེ་ནས་ཚེ་འཕོས་ཤིང་ཡི་དྭགས་ཀྱི་སྦྱོང་ཚད་ཀྱང་རྫོགས་པ་ཡིན་ཏེ།   རྩ་རྒྱུ་ཉི་སྒྲོན་ལས། ‘‘དེ་ནས་ཚེ་འཕོས་འདོད་ཆགས་ཀྱིས།    ཡི་དྭགས་བཀྲེས་སྐོམ་ཅན་དུ་གྱུར།’’ ཞེས་དང་།  ‘‘དེ་ཡང་ཁྱབ་པས་ལམ་ནས་འཕྲོག   དེ་ནས་ཚེ་འཕོས།’’  ཞེས་གསུངས་པས་སོ།།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

                    ཡང་ཡི་དྭགས་གནས་ནས་ཐར་མོད་ཀྱང་སྔོན་དགེ་སྡིག་གི་ལས་ལ་གཏི་མུག་དབང་གྱུར་སྤང་བླང་གི་བྱ་བ་ཕྲན་བུ་ཙམ་ཡང་དབྱེ་འབྱེད་མ་ནུས་པར་བྱོལ་སོང་གི་ལམ་དུ་ཕྱིན་ནས་ནེ་ཙོ་སྨྲ་མཁན་ཞིག་ཏུ་སྐྱེས།   དེའི་དུས་སུ་ཁྱབ་པ་ནི་བྱ་ཁྲ་འོལ་བ་ལུས་སུ་བླངས་ཏེ་བྱེའུ་ཤིན་ཏུ་མང་པོའི་ལུས་སེམས་སོ་སོར་ཕྱེས་ནས་སྡིག་པའི་ལས་ཁོ་ན་སྤྱོད་པ་འདི་གླེན་ལྐུགས་ཀྱི་སྡུག་བསྔལ་ལ་གཟིགས་ནས་སྙིང་རྗེ་དང་བྱམས་པ་ཐུགས་ལ་འཁྲུངས།   དེའི་སྟོབས་ཀྱིས་བྱོལ་སོང་གི་གནས་ནས་ཐར་ཡང་སྔོན་བསགས་ལས་མ་དག་པ་ང་རྒྱལ་དང་ཕྲག་དོག་དབང་གིས་མུན་ནག་མཐའ་འཁོབ་ཀྱི་གནས་སུ་སྐྱེས།   དེའི་དུས་སུ་མི་ལུས་ཤིག་ཐོབ་ཀྱང་སྔར་བྱས་ལས་མ་དག་པའི་མཐུ་ཡིས་དགེ་བ་བྱེད་འདོད་ཀྱི་བློ་སྐྱེས་ཀྱང་བཤགས་སྡོམ་བྱེད་པར་ཡུལ་མཆོག་གང་ཡང་མེད་པར་མུན་པའི་པས་བསྐལ་ཏེ།   ཉི་སྒྲོན་ལས།    ‘‘ང་རྒྱལ་ཕྲག་དོག་དབང་བཙན་ནས།   མཐའ་འཁོབ་མི་ལུས་ཞིག་ཐོབ་ཀྱང་།   དད་པ་ཡོད་ཀྱང་བཤགས་ས་མེད།’’   ཅེས་གསུངས་པས་སོ།།   དགེའོ།།

 
 
Re:ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར།
[ 2011/11/28 11:36:43 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)དྲ་གྲོགས་ལགས་ནས་ལེགས་འདེམས་གནང་བར་དགའ་བསུ་དང་ནམ་ཡང་ཟིན་བྲིས་ཡོངས་ལ་གཟིགས་རྟོགས་གནང་བར་ཡི་ད་རངས་ཡོད།
 
 
Re:ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར།
[ 2011/11/25 14:06:41 | By: དཔལ་ལོ།(སྐུ་མགྲོན) ]
 
དཔལ་ལོ།(སྐུ་མགྲོན)བཀླགས་ཟིན།
ཕྲག་དོག་ལས་ཀྱི་རྣམ་སྨིན་མ་སྦྱང་ན། མཐོ་སྙེག་ཁྲི་ལ་འཛེག་ཡང་ཕན་འབྲས་ཅི།
ངན་སོང་ལས་ཀྱི་རྣམ་སྨིན་མ་སྦྱང་ན། ཐར་ས་མེད་པར་ལུང་ལས་གསུངས།
 
 
Re:ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར།
[ 2011/11/25 2:32:36 | By: bontsewang ]
 
bontsewangགྲོགས་པོ་ཁྲི་གཡུང་ལགས་ཕེབས་པར་དགའ་བསུ་ཞུ།
 
 
Re:ཕྲག་དོག་གི་རྣམ་སྨིན་སྦྱངས་བའི་སྐོར།
[ 2011/11/25 2:04:25 | By: triyungblog(སྐུ་མགྲོན) ]
 
triyungblog(སྐུ་མགྲོན)གྲོགས་པོ་ལགས་བཀླགས་ཟིན་པ་ཡིན།་ཡག་པོ་འདུག
ཁྲི་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.