ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།


བྲག་མགོ་ཚེ་དབང་རྒྱལ་མཚན། 

ཟིན་བདག་འབྲེལ་བྱང་།

bontsewang@yahoo.in

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 43
  • དཔྱད་བརྗོད། 120
  • ཆེམས། 0
  • ཀློག་གྲངས། 17446


 
རང་བྱུང་དད་པའི་ཤུགས་གླུ།
[ 2011/11/22 18:47:00 | By: བྲག་མགོ་ཚེ་དབང་། ]
 

རང་བྱུང་དད་པའི་ཤུགས་གླུ།

 

                ཤར་ཕྱོགས་རྒྱལ་མོ་རོང་དུ།

                 གཟུགས་སྐུ་དབང་པོ་ཚེས་པས།

                 གསར་སྐྱེས་པད་མོའི་ཚོགས་ཀྱི།

                  བློ་སྒོ་འདབ་སྟོང་བད་སོང་།

 

                  གཅེས་པའི་ཡབ་གཞིས་བྲལ་ནས།

                  མདོ་ཁམས་སྟོད་ལ་ཕེབས་དུས།

                  མ་འོངས་བསྟན་དོན་དགོངས་ནས།

                  སྨན་རིའི་དགོན་ཆེན་བཞེངས་སོང་།

                

                      ཐུགས་བསྐྱེད་སྨོན་ལམ་ཟབ་པས།

                      བསིལ་ལྡན་གངས་རིའི་ལྗོངས་དེར།

                      གཞན་སྣང་འགྲོ་བ་འདྲེན་པའི།

                      སྲིད་ཞིའི་སྒྲོན་མེར་གྱུར་སོང་།

 

                      མ་རིག་སྨག་རུམ་ཁྲོད་དུ།

                      ཀུ་མུད་ཡིད་ཁ་ཕྱེས་པས།

                      སངས་རྒྱས་དམ་པའི་ཟླ་ཞལ།

                      སྐར་ཚོགས་དབུས་ནས་སྤ་སོང་།

 

                      མེ་ཏོག་ཧ་ལོའི་འབྲུ་ལ།

                      ཕྱོགས་མེད་བུང་བ་འཁོར་བཞིན།

                      མཁྱེན་གསུམ་ཕྱུག་པའི་མགོན་ལ།

                      སྐལ་ལྡན་སློབ་བུ་འཁྱུད་སོང་།

 

                      འཁོར་བའི་འདམ་གྱི་ཀློང་དུ།

                      མི་གཟིགས་བླ་མར་སྤྲུལ་ཀྱང་།

                     འདམ་རྫབ་དྲི་མས་དག་པས།

                     གཞན་གྱི་འགྲན་ཟླ་བྲལ་སོང་།

 

                      མཚན་ཉིད་སྡེ་ལྔ་ལ་སོགས།

                      ལེགས་བཤད་དབྱར་རྔ་བསྒྲཊ་པས།

                      ཕས་རྒོལ་ལོག་ལྟའི་བྲག་རྫོང་།

                      གཞོམ་ནས་ཐལ་བ་བརླགས་སོང་།

 

                         མ་རྨད་འདུལ་བསྟན་སྤེལ་ནས།

                         ཁྲི་གཙུག་རྒྱལ་བའི་གདུང་སོབ།

                        ༧སྐྱབས་གཅིག་མཉམ་མེད་བླ་མ།

                         ཀུན་ལ་བདེ་སྐྱིད་བསྐྲུན་སོང་།

 

                      ཚེས་བརྒྱད་ཐོ་རངས་བད་དུས།

                      རྒྱལ་ཚབ་རིན་ཆེན་བསྐོས་ནས།

                      རྒྱལ་བསྟན་ཡུན་གནས་སྨོན་བཞིན།

                      རྒྱལ་བའི་གནས་སུ་གཤེགས་སོང་།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:རང་བྱུང་དད་པའི་ཤུགས་གླུ།
[ 2011/11/25 14:16:03 | By: དཔལ་ལོ།(སྐུ་མགྲོན) ]
 
དཔལ་ལོ།(སྐུ་མགྲོན)བླ་མ་tenzintལགས་གུས་པའི་ཟིན་བྲིས་སུ་ཕེབས་གཞིགས་གནང་བར་དགའ་བསུ་ཞུ།
 
 
Re:རང་བྱུང་དད་པའི་ཤུགས་གླུ།
[ 2011/11/25 2:10:15 | By: triyungblog(སྐུ་མགྲོན) ]
 
triyungblog(སྐུ་མགྲོན)གྲོགས་པོ་ལགས།
སྙན་ངག་སྙན་མོ་བྲིས་འདུག
 
 
Re:རང་བྱུང་དད་པའི་ཤུགས་གླུ།
[ 2011/11/23 15:13:03 | By: སྐུ་མགྲོན་p74Wob(སྐུ་མགྲོན) ]
 
སྐུ་མགྲོན་p74Wob(སྐུ་མགྲོན)ཁྲི་གཡུང་དང་རིན་རྒྱལ་གཉིས་ལ་གུས་པའི་དགའ་བསུ་ཞུ།
 
 
Re:རང་བྱུང་དད་པའི་ཤུགས་གླུ།
[ 2011/11/23 10:17:47 | By: སྐུ་མགྲོན་uyp0SG(སྐུ་མགྲོན) ]
 
སྐུ་མགྲོན་uyp0SG(སྐུ་མགྲོན)མཆེད་གྲོགས་ལེགས་ཕེབས་པ་ཐེངས་དང་པོ་ཡིན་པ། དགའ་བསུ་ཞུ་མ་འོངས་ཀྱང་ཡང་ནས་ཡང་དུ་མགྲོན་འབོད་ངེས་ཡིན་པས་ཕེབས་རྐྱང་གནང་རོགས།
 
 
Re:རང་བྱུང་དད་པའི་ཤུགས་གླུ།
[ 2011/11/23 1:14:19 | By: དཔལ་ལོ།(སྐུ་མགྲོན) ]
 
དཔལ་ལོ།(སྐུ་མགྲོན)ཤར་ཕྱོགས་རྒྱལ་རོང་ཡུལ་ནས།
མཉམ་མེད་དུང་ཟླ་ཚེས་པས།
འཇིག་རྟེན་མུན་པ་བསལ་ནས།
སེམས་ཅན་བདེ་སྐྱིད་སྐྲུན་སོང་།
འདྲ་བོ་འདུག་པས་གྲོགས་པོ་ལགས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.