ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཆད་རྩོད་རྩོམ་པའི་ང་རོ། 
[ 2011/10/14 21:22:00 | By: བྲག་མགོ་ཚེ་དབང་། ]
 
འཆད་རྩོད་རྩོམ་པའི་ང་རོ།

 འཆད་པ་དབྱར་རྔའི་གདངས་ཀྱིས་ཕས་རྒོལ་ལོག་ཚིག་འཇམ།།

རྩོད་པ་ཚུལ་གསུམ་རྟགས་ཀྱིས་ལོག་རྟོག་བྲག་རྫོང་གཞོམ།།

རྩོམ་པ་གབ་འགྲེལ་ས་མཛོད་ཚད་མའི་སྦྲང་ཆར་འབབ།།

འཆད་པ་རྩོད་རྩོམ་རྩོམ་གྱི་སྣང་བའི་དཀྱིལ་འཁོར་རྫོགས།།

 #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

འཆད་པ་ཚངས་པའི་དབྱངས་ཀྱིས་སྒྲ་བརྒྱའི་སྟོང་ཆ་གནོན།།

རྩོད་པ་ང་རོས་ཕས་རྒོལ་སྡེར་ཆགས་ཀླད་པ་འགེམ།།

རྩོམ་གྱི་གླེགས་བམ་ཆུ་འཛིན་འཐུག་པོས་སྐམ་གདུང་སེལ།།

འཆད་རྩོད་རྩོམ་གྱི་སྣང་བའི་དཀྱིལ་འཁོར་འགྲོ་བའི་མགོན།།

 

འཆད་པ་དཔྱིད་ཀྱི་གསུངས་སྙན་སྒྲོག་གིན་སྨེ་རྒྱན་སྤྲས།།

རྩོད་པ་གར་སྟབས་གནམ་སར་གཡོ་འགུལ་སྨྲ་ར་ཅན།།

རྩོམ་པའི་ནོར་མཛོད་ལོངས་སུ་སྤྱོད་པའི་འ་ཞ་མཚན།།

འཆད་རྩོད་རྩོམ་ལ་སྤོབས་པའི་གདེངས་ཐོབ་ཧྲིས་པའི་སྤྲུལ།།

 

འཆད་པ་མན་ངག་བློ་གསལ་ཀུ་མུད་དགྱེས་པའི་གཉེན།།

རྩོད་པའི་གཟི་བརྗིད་སྲིད་ན་མཛེས་པའི་རྒྱལ་བ་དངོས།།

རྩོམ་གྱི་ནོར་མཛོད་འགྲོ་ཕྱིར་བསྐྲུན་པའི་འཕྲིན་ལས་ཅན།།

འཆད་རྩོད་རྩོམ་གྱིས་འཁོར་ལོ་བསྒྱུར་བའི་སྟོན་པ་ཆེ།།

 

རྩོད་པའི་རྣམ་འགྱུར་འཛིན་མེད་བསྒྱུར་བའི་རྣལ་འབྱོར་ཆེ།།

འཆད་པའི་མདོ་སྔགས་གཏེར་སྒོ་འབྱེད་བའི་ལྡེ་མིག་འཆང༌།།

རྩོམ་པ་ཐེག་དགུ་ལྟ་སྤྱོད་མཛུབ་སྟོན་གཏན་ལ་འབེབ།།

འཆད་རྩོད་རྩོམ་གྱི་གླེགས་བམ་བརྩེགས་པའི་གཡས་རུ་བ།།

 

འཆད་པ་ཡིད་བཞིན་མུན་སེལ་ནམ་མཁའི་ཐིག་ལེ་ཤར།།

རྩོད་པ་མཐའ་དགུ་སྒྲིབ་བྲལ་ཀུན་བཞི་ནམ་མཁར་དྭངས།།

རྩོད་པ་གདུལ་བྱ་སྐྱེས་ཚལ་དགྱེས་པའི་སྣང་བ་སྤྲོས།།

འཆད་རྩོད་རྩོམ་གྱིས་འགྲོ་བ་འདྲེན་མཛད་ཤིང་རྟ་ཆེ།།

 

འཆད་རྩོད་གདུལ་བྱ་རྐང་དྲུག་བུང་བའི་སྙན་ལ་འཇེབས།།

རྩོད་པའི་རྣམ་རོལ་མཁས་དགུ་ཚུལ་གྱི་ཨུ་དམ་ཝ།།

རྩོམ་པ་བཀའ་ཡི་དགོངས་དོན་གསལ་བ་མན་ངག་སྡེབ།།

འཆད་རྩོད་རྩོམ་གྱི་ང་རོ་བརྗིད་པའི་འགྲོ་བའི་མགོན།།

 

འཆད་པ་སྙན་འཇེབས་ཚངས་དབྱངས་དྲུག་ཅུའི་མྱུ་གུ་སྨིན།།

རྩོད་པ་ཀུན་གཞི་རྒྱལ་བའི་མཛོད་ལ་སྟོན་ཏོག་སྡུད།།

རྩོམ་པ་གསུངས་རབས་འབྲུ་རིགས་མཛོད་ལ་ལོངས་སུ་སྤྱོད།།

འཆད་རྩོད་རྩོམ་གྱི་མཛོད་ཆེན་བསྐྲུན་པའི་འགྲོ་བའི་མགོན།།

 
 
Re:འཆད་རྩོད་རྩོམ་པའི་ང་རོ།
[ 2011/10/15 0:31:03 | By: yongzhou ]
 
yongzhouམུ་འཐུད་རྒུན་སྤེལ་གྱི་རེ་སྐུལ་ཡོད།
གཤམ་དུ་bontsewang་ལགས་ཀྱིས་ལན་སློག་པ་ནི་
བཀྲ་ཤིས་བདེ་ལེགས། འདིར་ཕེབས་གཟིགས་གནང་བར་དགའ་བསུ་ཞུ།
 
 
Re:འཆད་རྩོད་རྩོམ་པའི་ང་རོ།
[ 2011/10/14 21:41:17 | By: triyungblog ]
 
triyungblogཡག་པོ་འདུག དགའ་པོ་བྱུང་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.