ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །
ང་ཉིད་མི་འབྱོན་ཡིག་འབྲུ་འབྱོན། །
ཕྱི་རབས་རྗེས་འབྲང་གང་ཟག་རྣམས། །
གསུང་རབ་ཡི་གེའི་འབྲུ་རྟོགས་ལ། །
བཀའ་ལུང་ཅི་ལྟར་འབྱུང་བཞིན་སྤྱོད། །
ཁེའུ་ཁེའུ། 826677980
ཁ་པར།13909043403
18502863326
གློག་རྡུལ་ཡིག་སྒམ།
བཤེས་གཉེན་ལགས།
ཁྱེད་ནི་ཨ་སྔོན་གནམ་གྱི་དྲོད་འཇམ་ཉི་མ་ལགས།
ང་ནི་ཁྱེད་ལ་འཁོར་བའི་པད་མའི་མེ་ཏོག་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་ཚེས་ཆེན་བཅོ་ལྔའི་དཀར་གསལ་ཟླ་བ་ལགས།
ང་ནི་ཁྱེད་ལ་འཁོར་བའི་ཀུ་མུད་མེ་ཏོག་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་དྭངས་ཤིང་བསིལ་བའི་བརྒྱད་ལྡན་ཆུ་བོ་ལགས།
ང་ནི་ཁྱེད་ལ་འཁོར་བའི་གསེར་མིག་ཉ་ཆུང་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་ཚར་དུ་དངར་བའི་སྐལ་བཟང་མེ་ཏོག་ལགས།
ང་ནི་ཁྱེད་ལ་འཁོར་བའི་རྐང་དྲུག་བུང་བ་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་ཨ་སྔོན་དགུང་ལ་སྙེགས་འདྲའི་གངས་རི་ལགས།
ང་ནི་ཁྱེད་ལ་འཁོར་བའི་གངས་ལྷ་མེ་ཏོག་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་གཏིང་མཐའ་དཔོག་དཀའི་མ་ཕམ་གཡུ་མཚོ་ལགས།
ང་ནི་ཁྱེད་ལ་འཁོར་བའི་ངང་པ་སེར་པོ་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་མི་འགྱུར་ཁྲི་ལ་བཞུགས་པའི་བླ་མ་ལགས།
ང་ནི་ཁྱེད་ལ་འཁོར་བའི་གཡུང་དྲུང་རིལ་མོ་ཡིན།
བཤེས་གཉེན་ལགས།
ཁྱེད་ནི་འཁོར་བའི་སེམས་ཅན་འདྲེན་པའི་དད་དཔོན་ལགས།
ང་ནི་ཁྱེད་ལ་འཁོར་བའི་རྗེས་འཛིན་བྲན་གཡོག་ཡིན།
བཤེས་གཉེན་ལགས།
- ཟིན་ཐོ་གོང་མ།སྔར་སོང་རྗེས་དྲན་དང་མ་འོངས་རེ་བ།
- ཟིན་ཐོ་འོག་མ།ལེགས་བཤད་ལམ་རིམ་བཅུ་གཉིས་རིན་ཆེན་སྐས་ལམ་གྱི་ཚིགས་སུ་བཅད་པ་བཞུགས།