ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
སེམས་པ་ཆུང་བའི་མི་ལ་དགའ་སྡུག་མང།
རྣམ་རྟོག་རག་པའི་མི་ལ་ལྷ་འདྲེ་མང།
ཆགས་པས་གདུང་བའི་མིག་ལམ་མཛེས་མ་མང།
གཏད་མེད་གཡོ་ཅན་གྲོགས་ལ་བློ་སྣ་མང།
ཅོལ་ཆུང་སྡར་མའི་སྟེང་ལ་དཔའ་བོ་མང།
ཡ་མེད་བཙན་པོའི་བུ་ལ་བསྟོད་བསྔགས་མང།
ཚད་ལྡན་ཉམས་ཆུང་མི་ལ་ཁ་ངན་མང།
འབྱོར་ལྡན་ཕྱུག་པོའི་ཕྱོགས་ལ་ཉེ་ཡ་མང།
ཐོབ་ཐང་རང་ལ་ཡོད་ཚེ་ཕན་མཁན་མང།
དབང་མེད་གྲལ་དུ་ལྷག་ཚེ་གནོད་མཁན་མང།
ཕུན་ཚོགས་ནོར་གྱིས་འབྱོར་ཚེ་འགྲོགས་མཁན་མང།
སྔོན་བསགས་ལས་གྱིས་རྒུད་ཚེ་བཟུར་མཁན་མང།
མ་དཔྱད་ཐད་ལ་བལྟས་ཚེ་མཁས་པ་མང།
བརྟགས་ཅིང་ལག་ཏུ་བླང་ཚེ་བླུན་པོ་མང།
བཅོས་མའི་འཛུམ་གྱིས་བསླུས་ཚེ་གྲོལ་མཁན་མང།
ལྷད་མེད་བདེན་པར་སྨྲ་ཚེ་དོག་མཁན་མང།
གངས་རིའི་གསེར་སྨྱུག།
- ཟིན་ཐོ་གོང་མ།སྨན་རིའི་མཁན་ཆེན་སོ་གསུམ་པའི་ཞབས་བརྟན་གསོལ་འདེབས་བཞུགས།
- ཟིན་ཐོ་འོག་མ།ཏིག་ཏ་ལྟ་བུ་རོ་མཆོག་ལྡན་པའི་ཆང་གཞས།




