ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
གངས་ཕྲུག་གི་སྐྱོ་དབྱངས།
ས་ཡ་དྲུག་གི་བོད་འབངས།།
ཆོལ་ཁ་ཆོས་ལུགས་ཟེར་ནས།།
ནང་འཁྲུགས་འཁོར་ལོ་བསྐོར་སོང་།།
ཆིག་སྒྲིལ་ཡོང་ཐབས་མི་འདུག །
བུ་ཕྲུག་སྐྱོང་བའི་ཕ་མས།།
མདུན་ལམ་མེད་རབས་བཤད་ནས།།
སློབ་གྲྭའི་སྒོ་ཆེན་བཀག་སོང་།།
ཤེས་ལྡན་བཙའ་ཐབས་མི་འདུག
ན་གཞོན་ཕོ་མོ་ཕལ་ཆེར།།
བདེ་སྐྱིད་འཚོ་བ་ཟེར་ནས།།
ཤོ་བག་མི་ཚེ་བསྐྱལ་སོང།།
གསར་གཏོད་ཡོང་དོན་མི་འདུག །
ཕྱི་ནང་སྤུན་ཟླའི་མི་རིགས།།
ང་ངར་ཁོ་རྫིག་ཟེར་ནས།།
སྒེར་དོན་བསྒྲུབ་ལ་བྲེལ་སོང་།།
སྤྱི་ཆུས་འགྲུབ་ཐབས་མི་འདུག །
གསར་གཏོད་བྱ་བ་ཕར་ཟད།།
ཡོད་པའི་རིག་གཞུང་ཉམ་སོང་།
ཏིང་འཛིན་ཐུན་ལས་གྲོལ་དང་།།
གཏི་མུག་གཉིད་ལས་སད་དང་།།
ཀྱེ་ཀྱེ་རིགས་གཅིག་སྤུན་ཟླ།།
མགོ་བོ་ཡར་ལ་དགྱེ་ནས།།
ཤར་ནུབ་གཞན་ལ་ལྟོས་དང་།།
བག་ཕེབས་ཉལ་ཐབས་འདུག་གམ།།
- ཟིན་ཐོ་གོང་མ།ཉི་ཟླ་ཟུང་འབྲེལ།
- ཟིན་ཐོ་འོག་མ།སྐྱབས་འགྲོའི་རྣམ་བཤད།

གྲོགས་པོ་གཙང་ཚ་མཆོག་སྐུ་ཁམས་བཟང་། ཁྱེད་ཉིད་ཕེབས་པར་དགའ་བསུ་ཡོད་སླད་ནས་མུ་འཐུན་ཤོག་དཱ་ང་ཚོ་གླེང་མོལ་འདྲ་བྱེད་མ་རེད་བས། འོ་ཨ་བུ་ད་ཚེ་རིང་འོ།

རིག་གཞུང་བགྲོ་གླེང་མེད་པ།
དཔལ་འབྱོར་དོན་འདུར་བས།
འཚེ་མེད་ཞི་བར་སྤུར་སོང་།

གངས་ཕྲུག་གི་སྐྱོ་དབྱངས་ཞེས་པའི་གསུང་རྩོམ་འདི་རེ་བསྐུལ་ཀྱི་རྣམ་པ་ལྡན་པའི་གཞས་ཆུང་ཡག་པོ་ཞིག་གསུང་འདུག་བཀྲ་ཤིས་བདེ་ལེགས་ཞུ།