ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨོན་ཚིག་བཀྲ་ཤིས་འཁྱིལ་བ། | 2011/5/28 18:00:00

སྨོན་ཚིག་བཀྲ་ཤིས་འཁྱིལ་བ།

                                                                 ལན་གྲུ            སྙན་བཟང་བྱམས་པ།

རི་བོ་གངས་དཀར་ཏི་སེའི་དྲུང་། །

      འཇིག་རྟེན་གསལ་བའི་འོད་ཅིག་བྱུང་། །

   སྒྲིབ་གཉིས་དག་པར་འགྲོ་བ་རྣམས། །

དོན་ཕྱིར་ཕེབས་པ་ཨེ་མ་མཚར། །

ཁམས་གསུམ་སྐྱེ་རྒུ་མཐའ་དག་གི །

            ཉོན་མོངས་འདུལ་ཕྱིར་བོན་གསུངས་མཁན། །

དོན་གྱི་སླད་དུ་མཚན་བརྗོད་ན། །

      གཤེན་རབ་བཀྲ་ཤིས་འཁྱིལ་བ་ལགས། །

   གང་གི་བསྟན་འདི་ཡོངས་དར་ནས། །

མི་ལོ་ཁྲི་ཕྲག་གྲངས་སུ་འདས། །

      གནས་སྐབས་མུན་དང་སྣང་བ་བཞིན། །

 བསྒྲིབས་ཀྱང་ནུབ་པར་མ་གྱུར་ཏེ། །

    ཉིན་མཚན་གོ་ལོག་བསྡེབས་པ་ལྟར། །

     དེ་རིང་དར་བའི་བསྐལ་བཟང་བྱུང་། །

འདི་ཉིད་རབ་ཏུ་གཅེས་ཤེས་ན། །

   སྤྱིར་ནས་བོད་འདི་གཅེས་པ་ཡིན། །

ཁ་སང་ཧི་མ་ལ་ཡ་ནས། །

བོན་གྱི་གསལ་བྱེད་ཉི་མ་ཤར། །

དེ་རིང་ཏི་སེའི་རྩེ་མོ་རུ། །

ཧི་གཟུགས་སྤྱད་དེ་བོན་གྱི་སྒོར། །

འཇུག་པའི་ཟླ་བ་རབ་ཏུ་རྒྱས། །

 རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ནི། །

      གདུལ་བྱའི་དོན་དུ་གཉེར་གཏད་ནས། །

བོན་གྱི་སྒོ་མོ་གང་གསུངས་པ། །

དེ་ཀུན་དྲིན་ནི་ཡོངས་དྲན་ནས། །

      སྲིད་པའི་མཐར་ཡང་གནས་པར་ཤོག །

མི་ནུབ་བོན་གྱི་རྒྱལ་མཚན་དེ། །

     སྲིད་པའི་མཐའ་རུ་སྒྲེངས་མཁན་གྱི། །

མི་བུ་ཁ་ཤས་བྱུང་བ་ནི། །

    དེང་གི་དུས་འདིར་ཆེས་དཀོན་པས། །

      ཁོང་རྣམས་མཛད་པ་མཐར་ཕྱིན་ཤོག །

           བསོད་ནམས་བཟང་བོའི་མཐུན་རྐྱེན་གྱིས། །

རང་ཡང་བོན་སྒོར་འཇུག་པ་ཡི། །

           བསྐལ་བཟང་རྙེད་འདི་དགའ་དྲགས་པས། །

སྨོན་ཚིག་བཀྲ་ཤིས་འཁྱིལ་བ་འདི། །

     འབྲི་བའི་འདུན་པ་ངང་གིས་འཁྲུངས། །

 

 

                             ༢༠༡༠ལོའི་ཟླ་༥བའི་ཚེས་༢༦ལ།

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.