ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2011/12/31 22:11:00

 

བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་གྲྭ་

ཆེན་མོ་ནས་འཆད་ཁྲིད་གནངས་བ།

                                                                              ---------- སློབ་རའི་གསར་འགོད་པ་བྱམས་པ་ཚེ་རིང་།

སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་འཆད་ཁྲིད་གནང་བཞིན་པའི་ཟུར་ཞིག   CharlesRamble

 

   ༢༠༡༡ལོའི་ཟླ་༡༢པའི་ཚེས༢༨་ནས་ཚེས་༣༡བར་ཉིན་གསུམ་གྱི་ནང་ལ།             ནུབ་བྱང་མི་རིགས་སློབ་གྲྭ་

ཆེན་མོའི་རིག་གཞུང་སྙན་ཞུ་ཁང་ནས་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་རྡོ་རྗེ་དོན་གྲུབ་ལགས་ཀྱིས་གདན་འདྲེན་ཞུས་ཤིང་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དང་གེ་སེར་ཞིབ་འཇུག་གླིང་བཅས

ཀྱི་གཙོ་སྒྲུབ་འོག     དབྱིན་ཇིའི་ཉོའུ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པའི་ཞིབ་འཇུག་པ་གྲགས་ ཅན།  རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྔོན་མ་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་བོད་

སྐད་རྐྱང་རྐྱང་གི་ལམ་ནས་བལ་ཡུལ་རིག་གནས་ལོ་རྒྱུས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བར་ཞིབ་འཇུག་སྐོར་གྱི་འཆད་ཁྲིད་གནངས། ཐེངས་འདིའི་འཆད་ཁྲིད་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ ་རྒན་དང་སློབ་མ་མི་གྲངས་དྲུག་བརྒྱ་ལ་ཉེ་བ་ལྷག་འདུས་ཡོད་པ་རེད།   ཁོང་གིས་སྔ་ཕྱིར་བལ་ཡུལ་ཕྱོགས་ནས་ འཚོལ་སྡུད་གནངས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་གྲས་མང་པོ་ཞིག་ངོ་སྤྲོད་གནངས་པ་མ་ཟད་དེའི་ནང་དོན་ཁ་གསལ་གོ་བདེའི་ལམ་ནས་བརྒྱུད་སྒྲོག་བྱས།  གློ་བོ་ཡུལ་ནས་དུས་རབས་བཅུ་བདུན་སྐབས་བྲིས་པའི་དྲིལ་ཡིག་སྣ ་ཚོགས་བསྟན་པ་དང་དེར་འབྲེལ་གྱི་གནས་ཚུལ་མང་པོ་བཤད།    ད་དུང་གློ་བོའི་ཡུལ་སྨར་རྫོང་ནས་ཐོན་པའི་ གསང་བའི་བོན་གཏེར་ཁམས་ཆེན་རྙེད་ཚུལ་སོགས་ཀྱང་གསུངས་པ་མ་ཟད་ཡིག་ཆ་དེ་ནམ་བྲིས་ཀྱི་སྐོར་ལ་སྐད་ཆ་ཉུང་ཙམ་གསུངས་ཐལ། ཁོང་གིས་དེ་ནི་ཨ་སྟོན་བཟང་བོའི་སྐབས་བྲིས་པ་ཡིན་པས་མ་མཐའ་ཡང་དུས་རབས ་བཅོ་ལྔ་ཚུན་ལས་འདའ་མི་ཐུབ་པ་རེད་ཟེར། སློབ་མ་ཞིག་གིས་ཁམས་ཆེན་དང་ཡུམ་དུམ་པ་གཉིས་ཀྱི་ནང་དོན ་གཅིག་པ་ལ་ཕར་བསྒྱུར་ཚུར་བསྒྱུར་སྐོར་གྱི་བཤད་སྟངས་ཡོད་པ་དྲིས་པ་ལ། དེ་ད་དུང་གསལ་ཐག་ཆོད་པ་ཞིག ་མིན་པར་ཧ་གོ་ས་ཆེན་པོ་མ་རེད     དེ་ཧ་གོ་དགོས་ན་ངེས་པར་ཏུ་ཞིབ་ཚགས་ནན་ཏན་ཞིག་གི་སྒོ་ནས་ཞིབ་ འཇུག་བྱ་དགོས་པ་རེད་ཅེས་ཟེར།     ཁོང་ཉིད་ཀྱིས་བལ་ཡུལ་གྱི་བོན་པོའི་རིག་གནས་ལ་ཞིབ་འཇུག་བྱས་པའི་ གནས་ཚུལ་དང་གློ་བོའི་ཐ་སྙད་ཀྱི་སྐོར་ཡང་མང་ཙམ་གསུངས་སོང་།    ཁོང་གིས་མགོ་ནས་མཇུག་བར་དུ་བོད་ སྐད་རྐྱང་བའི་ལམ་ནས་འཆད་ཁྲིད་བྱས་སོང་བས། དགེ་སློབ་ཀུན་ཧ་ལས་སུ་བཅུག་པ་དང་སྦྲགས་ཐལ་མོའི་རྡེབ ་སྒྲ་ཡང་མཚམས་མ་ཆད་པར་བྱུང་བ་རེད།  ཐེངས་འདིའི་འཆད་ཁྲིད་ཀྱི་མགོ་སྔ་བར་གསུམ་དུ་དགེ་སློབ་རྣམས་ ཀྱིས་ཀྱང་རང་རང་གི་དོགས་པ་རྣམས་ཡིག་ཐོག་ཏུ་ཕབ་སྟེ་ཁོ་རང་ལ་སྤྲད་པ་མ་ཟད་དེར་མཐུན་གྱི་ལན་མང་པོ་ཞིག་བཏབ་པ་ལ་ཀུན་གྱིས་དགའ་བསུ་ཐོབ་པ་དང་རེ་བས་ཁེངས།     ཟླ་འདིའི་ཚེས་ཉེར་གསུམ་ཉིན་དགེ་སློབ་ ཡོངས་ལ་དམིགས་པའི་འཆད་ཁྲིད་ཡོངས་སུ་མཇུག་སྒྲིལ་བ་དང་གླིང་གཙོ་རྡོ་རྗེ་རིན་ཆེན་གྱིས་སྤྱི་བསྡོམས་ཀྱི་

ཚུལ་དུ་ཁ་ཏ་ཉུང་ཙམ་བྱས་པ་སྟེ།  སེམས་གཏིང་ནས་ཁོ་ལ་བཀའ་དྲིན་ཆེ་ཞུས་པ་དང་དྲི་མེད་ཁ་བཏགས་ཕུལ་

ཏེ་རྗེས་སོར་ཕེབས་གནང་རྒྱུའི་རེ་བ་སོགས་ཞུས་པ་ལ།    ཁོང་ཉིད་ད་དུང་ཉིན་ཁ་ཤས་ལ་འདུག་རྩིས་ཡོད་པས་

ཚེས་༣༡ཉིན་ཆེད་དུ་ཁོང་དང་དགེ་རྒན་རྣམས་ལྷན་གཅིག་ཏུ་འདུས་ནས་བཞུགས་མོལ་གྲོས་ཚོགས་འཚོགས་ རྒྱུའི་སྐོར་ཡང་གསུངས་སོང་།  སྐུ་ཉིད་ནས་ཀྱང་ང་ལ་རེ་བ་ཆེན་པོ་ཡོད་ཅེས་སོགས་ཟེར་བ་ལ་ཐལ་མོའི་རྡེབ་སྒྲ་

ཡང་ནས་ཡང་དུ་མ་ཆད་དོ།།

 

  དགེ་སློབ་ཚང་མས་གཟབ་ནན་སྒོས་ཁོང་གི་འཆད་ཁྲིད་ལ་ཉན་བཞིན་པའི་ཚུལ། 

   ཁོང་གི་གནས་ཚུལ་ཉུང་ངུ 

སྐུ་ཞབས་ཆར་ལེ་སི་རོབ་བྷོ༼CharlesRamble༽ནི་རྒྱ་གར་ནས་སྐྱེས་ལ། དབྱིན་ཇིའི་ ཉོའི་ཅིན་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཐོབ་ཐང་བླངས་ཡོད། ད་ལྟ་དེ་གར་དགེ་རྒན ་གྱི་བྱ་བ་གཉེར་བཞིན་ཡོད། ད་དུང་དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་བོན་ཆོས་ཞིབ་ འཇུག་ལས་ཚན་གྱི་འགན་ཁུར་བ་དང་། རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ ཚོགས་གཙོ་སྔོན་མ་ཡིན། ཁོ་རང་བོད་སྐད་ལ་ཐོགས་པ་མེད་ལ། གཙོ་བོ་བོན་ཆོས་དང་བོད་ ཁུལ་མིའི་རིགས་རིག་པར་ཞིབ་འཇུག་བྱེད་བཞིན་ཡོད། བརྩམས་ཆོས་གཙོ་བོ་ལ་གནས་ མཐོའི་བལ་ཡུལ་གྱི་བོད་བརྒྱུད་ནང་བསྟན་དང་དམངས་ཁྲོད་ཆོས་ལུགས། བོར་ཟིན་པའི་ བོན་ཆོས་རྒྱལ་རབས་འཚོལ་བ་སོགས་དཔྱད་རྩོམ་ཞེ་བརྒྱད་ལྷག་དང་གསུང་རྩོམ་པོ་ཏི་ལྔ། ཡིག་ཚང་ཕྱོགས་བསྒྲིགས་པོ་ཏི་བཞི་བཅས་ཡོད། ད་དུང་གཞན་ཁོང་དང་པོ་ལོ་ཨིན་གཉིས་ ཀྱིས་གཙོ་སྒྲིག་བྱས་པའི་བོད་ལྗོངས་དང་ཧི་མ་ལ་ཡའི་མིའི་རིགས་རིག་པ་ཞེས་པར་ཕྱོགས་ཀུན་ན་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་དོ།།

གློག་ཀླད་ནང་བསྟན་པའི་བོན་དང་འབྲེལ་བའི་རྒྱུ་ཆའི་ཟུར་ཞིག

འཆད་ཁྲིད་གྲོལ་རྗེས་ཆར་ལེ་སི་རོབ་བྷོ་དགེ་རྒན་རྡོ་རྗེ་དོན་གྲུབ་སོགས་དང་མཉམ་དུ་འདྲ་བླངས་པ

སློབ་གྲོགས་སྐོར་ཞིག་ཁོ་དང་མཉམ་དུ་འདྲ་རྒྱག་པའི་གོ་སྐབས་བྱུང་བ

 

འཆད་ཁྲིད་གྲོལ་རྗེས་ཀྱི་རྣམ་པ་དངོས

Re:བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2012/1/7 22:25:53
བུ་བཞི་གནམ་ཁོ(སྐུ་མགྲོན)གསར་འགོད་པ་བྱམས་པ་ཚེ་རིང་ལགས། འདྲ་བླངས་ཟེར་བ་ལས་པར་བརྒྱབ་ཞེས་བཤད་ན་འོས་པར་སྙམ། དགོངས་འགལ་མེད་པར་ཞུ།
རྩོམ་པ་པོ།:བུ་བཞི་གནམ་ཁོ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2012/1/4 1:39:03
སྐུ་མགྲོན་8dt2WJ(སྐུ་མགྲོན)ཕྱི་རྒྱལ་ནས་སྐུ་དཔར་དེ་ཚོ་རྩ་བ་ཉིད་ནས་ལྟ་ཐུབ་ཀྱི་མི་འདུག་ལགས། བཟོ་བཅོས་ཤིག་གནང་རོགས་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།།
རྩོམ་པ་པོ།:སྐུ་མགྲོན་8dt2WJ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2012/1/1 8:16:21
སྐུ་མགྲོན་pfdb;''(སྐུ་མགྲོན)ཟིན་བདག་ལ་བཀའ་དྲིན་ཆེ་ཞུ།།།
རྩོམ་པ་པོ།:སྐུ་མགྲོན་pfdb;''(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2012/1/1 8:15:20
སྐུ་མགྲོན་p63Vn0(སྐུ་མགྲོན)གསར་འགྱུར་ཟིན་ཐོ་འདི་འདྲ་སྤེལ་བ་ལ་དངོས་ནས་བཀའ་དྲིན་ཆེ། ཡི་རངས་ཡོད། ཡག་པོ་བྲིས་འདུག པར་འཆར་མི་འདུག་པས་ཐབས་ཤེས་འཐེན་རོགས་ཞུ་རྒྱུ་ཡིན།
རྩོམ་པ་པོ།:སྐུ་མགྲོན་p63Vn0(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ག | 2011/12/31 23:28:05
སྐུ་མགྲོན་Mqh6Kx(སྐུ་མགྲོན)འདི་ལྟར་ཟིན་ཐོ་སྤེལ་བ་ཐུགས་རྗེ་ཆེ། ང་ཁོང་དང་འབྲེལ་འདྲིས་ཆེ་བའི་མི་ཞིག་ཡིན། ཁོང་གི་ཐུགས་གཤིས་ཀྱི་བཟང་ཕྱོགས་ལ་རྒྱུས་མངའ་མི་དམན་པ་ཡོད། ཟིན་ཐོ་སྤེལ་མཁན་ཁྱེད་ཀྱིས་ཟིན་ཐོའི་ནང་ཚེས་༢༨།ནས་ཚེས་༢༣།བར་ཉིན་གསུམ་ལ་སློབ་ཁྲིད་བྱས་རབས་བཀོད་འདུག ཚེས་གྲངས་དེ་ཕལ་ཆེར་ནོར་བ་ཡིན་པ་འདྲ། དེ་འདྲའི་ཚེས་གྲངས་ལུགས་ལྡོག་གིས་མར་བརྩི་སྟངས་ཤིག་དང་འགྲོ་སྟངས་ཤིག་མེད་ཚོད་ཡིན། ད་དུང་ཉིན་གྲངས་ཀྱང་འགྲིག་ཐུབ་ཀྱི་མ་རེད། དྲན་གསོ་ཙམ་ཡིན།
རྩོམ་པ་པོ།:སྐུ་མགྲོན་Mqh6Kx(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.