ཤེས་རབ་ཟབ་མོས་རྒུད་པ་གསོ།།
ཡིད་ཆེས་ཟབ་མོས་སྤོབས་པ་སྐྱོངས།།
བརྩོ་འགྲུས་བརྟན་པོས་རྒྱལ་ཁམས་སྙོགས།།
འདི་གསུམ་འཇིག་རྟེན་འཚོལ་བའི་མིག།།

ཁྲི་སྲོང་ལྡེ་བཙན་གྱི་ཡུམ་སུ་ཡིན་པ་དང་འཁྲུངས་ལོའི་ཐད་བཞེད་པ་
མི་མཐུན་པ་གཉིས་ཡོད་པའི་སྐོར་རགས་ཙམ་གླེང་བ།
ལན་གྲུ སྙན་བཟང་བྱམས་པ།
ནང་དོན་གནད་བསྡུས། རྩོམ་འདིའི་ནང་དུ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་
སུ་ཡིན་པ་དང་འཁྲུང་ལོའི་ཐད་བཞེད་པ་མི་མཐུན་པའི་སྐོར་
ཇི་ལྟར་བྱུང་བ་དང་གང་འདྲ་བྱས་ན་ད་གཟོད་ཁས་ལེན་དུ་་་
འགྲོ་བ་སོགས་ལོ་རྒྱུས་ཀྱི་དཔྱད་གཞི་མང་བོ་ཕན་ཚུན་བསྡུར་
ཏེ་རང་བློའི་དཔག་ཚོད་ཀྱིས་བྲིས་ཡོད་དོ། །
བརྡ་ཆད་གཙོ་བོ། ཁྲི་སྲོང་ལྡེ་བཙན། ཀོང་ཇོ། སྣ་ནམ་བཟའ། ཆུ་རྟ། ལྕགས་རྟ།
ས་རྟ།
དེ་ཡང་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཕལ་མོ་ཆེ་ལས་རྒྱལ་བོ་འདི་ནི་བོད་བཙན་
པོའི་རྒྱལ་རབས་ཁྲོད་གལ་འགངས་ཆེ་ཞིང་གོ་གནས་ངེས་ཅན་བཟུང་ཡོད་པའི་གླེང་རིན་
ཅན་གྱི་མི་སྣ་ཞིག་ཡིན་པ་ལ། རྒྱལ་བོ་འདིའི་རིང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་
དང་། འཕེལ་རྒྱས་དེའི་ཁྲོད་ན་རྣོ་ངར་ལྡན་པའི་འགལ་འདུའི་ཛ་དྲག ད་དུང་ཆོས་ལུགས་
ཆེན་པོ་གཉིས་སུ་གྱེས་ནས་ཕན་ཚུན་བར་འཐབ་རྩོད་བྱུང་བ་སོགས་གནས་ཚུལ་མང་སྟབས།
ཕྱིས་འབྱུང་གི་ལོ་རྒྱུས་ཕལ་མོ་ཆེར་ཆོས་ཕྱོགས་ཀྱི་བཟི་ཁ་བཙན་པོས་ཤེད་ཀྱིས་འཁྱེར་ནས་་
རང་རང་སོ་སོའི་འདོད་མོས་བཞིན་ལོ་རྒྱུས་ལ་འཁྱོག་བརྗོད་སྤེལ་བ་གང་མང་དུ་གསུངས་བར་དོན་དུའང་དེ་ལྟ་བུ་ཞིག་ཡིན་པ་ལོ་ཚིགས་གོང་འོག་སོགས་བསྒྲིགས་ན་མཁྱེན་ཐུབ་ཀྱི་
རེད། དེ་བཞིན་དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐོར་ལ་འང་འཁྲུངས་ལོ་དང་ཡུམ་སུ་ཡིན་པ་
སོགས་ལྟ་ཚུལ་མི་མཐུན་པ་གཉིས་ཡོད་པ་ནི། ཡུམ་ཀོང་ཇོ་ཡིན་པར་འདོད་པ་དང་གཅིག
ཁ་ཅིག་ཡུམ་སྣ་ནམ་བཟའ་ཡིན་པར་འདོད་པ། འཁྲུངས་ལོ་ཡང་ཡོས་ཀྱི་ལོ་སྤྱི་ལོ་༧༣༩
ཡིན་པར་འདོད་པ་ཞིག་དང་། ཆུ་རྟ་སྤྱི་ལོ༧༤༢ ལྕགས་རྟ་སྤྱི་ལོ་༧༤༢ཡིན་པར་འདོད་
པ་བཅས་སྨེ་ཕྲེང་གོང་འོག་མི་གཅིག་པ་མ་གཏོགས་འཁྲུངས་ལོ་གཉིས་སུ་འདོད་པ་སྟེ།
བོད་རིག་པའི་མཁས་དབང་ནམ་མཁའི་ནོར་བུས་《ཞང་བོད་ལོ་རྒྱུས་ཏི་སེའི་འོད》
དུ་རྒྱལ་བོ་འདིའི་མཚན་ནི་ཞང་ཞུང་གི་སྐད་དང་བོད་སྐད་འདྲེས་མ་ལས་བྱུང་བ་ཞིག་སྟེ།
བཙན་པོའི་མཚན་འདི་བོད་སྐད་ཡོངས་གྲགས་ཀྱི་དབང་དུ་བྱས་ན་ལྷ་མཛངས་མཁྱེན་རབ་
ཅེས་པ་དང་དོན་གཅིག་ཏུ་གོ་ཐུབ་ཞེས་རྒྱལ་བོ་འདིའི་མཚན་དོན་བརྗོད་པ་དང་དེའི་ཤུགས་ལས་སྐབས་དེར་བོན་གྱི་བསྟན་པ་དར་ཡོད་པས་མི་ཚད་རྒྱལ་བོའི་མིང་ཡང་སྐུ་བོན་ནམ་
གཤེན་བོན་སོགས་ཀྱིས་འདོགས་ཀྱིན་ཡོད་པའང་ཤེས་ཐུབ། སྐབས་དོན་རྒྱལ་བོ་འདིའི་ཡུམ་
སུ་ཡིན་པའི་སྐོར་ལ་ཀོང་ཇོ་ལ་ཡར་ལུང་འཕང་ཐང་དུ་འཁྲུངས་བར་འདོད་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཁྲིད་དཔྱོད་ཁང་ནས་སྤེལ་བ《ཆོས་ལྡན་རྒྱལ་རབས་ཀྱི་ལོ་ཚིགས་འཁྲུལ་སེལ》སྦ་བཞེད་རྗེས་འབྲངས་དང་བཅས་པ་རྣམས་ཡིན་ལ། དེར་མ་ཟད་་
རྒྱ་བོད་ཆོས་འབྱུང་། ལྡེའུ་ཆོས་འབྱུང་ཆེན་མོ། ཉང་གི་ཆོས་འབྱུང་། པདྨ་བཀའ་ཐང་། ཚལ་
བའི་དེབ་དམར། རྒྱལ་རབས་གསལ་བའི་མེ་ལོང་། རྒྱ་བོད་ཡིག་ཚང་ཆེན་མོ། བེེ་དཀར་
སོགས་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་། བསྟན་རྩིས་ཡོངས་སུ་གྲགས་པ་རྣམས་ཀྱང་
ཡིན་ལ། དོན་དམ་པས་ཀོང་ཇོའི་བུ་ཡིན་ནམ་སྣ་ནམ་བཟའི་བུ་ཡིན། ཁོ་བོས་ཕྱི་མ་འདོད་དེ།
རྒྱུ་མཚན་ནི་ཏུན་ཧོང་གཏེར་ཡིག་ཏུ་ཡོས་ཀྱི་ལོ་ལ་བབས་སྟེ་སྤྱི་ལོ་༧༣༩ལ་ཀོང་ཇོ་འདས། རྟའི་ལོ་༧༤༢ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས་ཞེས་འཁོད་པར་གཞིགས་ན་ཁྲི་སྲོང་ནི་ཁྲི་ལྡེ་གཙུག་བརྟན་དང་སྣ་ནམ་བཟའ་གཉིས་ཀྱི་བུ་ཡིན་པ་གསལ་བོར་སྤྲོས་ཡོད། ཀོང་ཇོ་༧༣༩ལ་འདས་པ་ཡིན་ན་ཕྱི་ལོར་བཙན་པོ་ཁོང་འཁྲུངས་པ་ཡིན་པས་ཀོང་ཇོའི་བེམ་པོར་སྲས་ཤིག་བྱུང་རྒྱུ་ཡིན་ན་སྣ་ནམ་བཟའི་བུ་ཡིན་པ་རིགསཔས་ཀྱང་གྲུབ། སྦ་གཞེད་ཀྱི་
རྩོམ་པ་པོ་སྦ་གསལ་སྣང་ཁོ་ན་མིན་པར་སང་ཤི་སོགས་འདུས་པ་དཔག་བསམ་ལྗོན་བཟང་སོགས་སུ་གསལ་བོར་སྨོས་ལ། སོགསོས་རིམ་བཞིན་ཁ་ཇེ་གསལ་དང་གོ་ཇེ་བདེར་བཏང་བ་
སོགས་ནང་དོན་གྱི་ཆ་ལ་རང་རང་གི་གྲུབ་མཐའི་འདོད་ལུགས་སོགས་ཀྱིས་ཤན་ཤུགས་ངན་པ་ཐེབས་པར་སེམ་ཏེ། ནང་དོན་དངོས་ལྟར་བྱས་ནའང་། བུའི་དོན་དུ་དགོད་བྲོ་བའི་རྩེད་
མཚར་ལྟ་བུ་དང་། བྱིས་པ་ཆུང་ངུའི་དུས་སུ་ཉེ་རིང་ཆགས་སྡང་ཡོད་པར་སྣ་ནམ་བཟའི་་་
པང་དུ་མ་ཕྱིན་པར་ཀོང་ཇོའི་མདུན་དུ་བཅར་བ། ཡང་རང་མིང་རང་གིས་བཏགས་པ་སོག
ས་དོན་དངོས་དང་མི་མཐུན་པའི་ཉོག་གཏམ་མང་དུ་ལབ་པས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་
ཡུམ་སྣ་ནམ་བཟའ་ཡིན་པ་ནི་ལུང་རིགས་གང་ལ་འང་མི་གནོད་པར་ཚད་མས་གྲུབ། ད་དུང
་སྦ་བཞེད་དུ་ཁྲི་སྲོང་ལོ་གཅིག་ཞབས་འཛུགས་ཀྱི་དགའ་སྟོན་ཐོག་ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ
་ཡིན། སྣ་ནམ་ཞང་གིས་དོན་མི་འཚལ། ཞེས་བྲིས་ཡོད་པ་དང་། ཡང་དུས་དེར་ཀོང་ཇོ་
དགའ་ནས་ཚེ་སྔོན་མའི་ལས་ཀྱིས་འཕོས་པ་ཡིས། ང་རྒྱ་ནས་འོང་བའི་བུ་མོ་ལ། རྗེ་འགྲན་
མེད་རྒྱལ་བོའི་སྲས་ཤིག་འཁྲུངས། ཞེས་སོགས་ཡུམ་ཀོང་ཇོ་ཡིན་པ་དང་རྒྱའི་ཚ་བོ་ཡིན་པར་
བསྒྲུབ་པའི་རྟགས་ཀྱི་ཤུགས་ལས་ཀོང་ཇོ་དང་རྒྱ་ཚ་མིན་པའི་སྒྲུབ་བྱེད་དུ་གྱུར་འདུག་པ་དཔེ་དང་བཅས་པའི་སྒོ་ནས་གསལ་བྱེད་བྱས་པ་མཁས་དབང་ནམ་མཁའི་མོར་བུའི་གསུང་
རྩོམ་དུ་གསལ། དོན་གྱི་དབང་དུ་བཏང་ནའང་བྱིས་པ་ཆུང་ངུ་ཞིག་གི་ཆེད་དུ་རྒྱལ་བོ་བློན་
འབངས་འཁོར་བཅས་ཀྱིས་ཁྲི་སྲོང་ལོ་གཅིག་ཙམ་པང་གདན་སྟེང་ན་ལག་ཉོབ་བྱས་ཏེ་རང་གི་སྐྱག་པ་རང་གིས་ཟ་བའི་སྐབས་ཐོག་དུ་བདེན་དོན་འཆད་མཁན་གྱི་གཟུར་གནས་པ་་་
ཞིག་ཏུ་འདོད་པ་ནི་ཁྲི་གདུགས་ཉི་མའི་འོག་གི་སྒྲོན་མེ་བཞིན་ཧ་ཅང་གོ་མི་ཆོད་དེ་རྒྱལ་བོ་
ཡ་མཚན་ཡིན་པར་བསྒྲུབས་པའི་ཤུགས་ལས་ཡབ་མེས་གོང་མ་རྣམས་ལ་སྨ་ཕབ་པ་ལས་་་
གཞན་གང་དུའང་མི་འགྱུར་རོ། ། བཤད་སྲོལ་འདིའི་རིགས་ནི་རྟོག་བཟོ་ཁོ་ན་ཙམ་དུ་ཟད་
པས་ཁས་ལེན་པར་མི་རིགས་སོ།། དེ་ལྟར་བཙན་པོ་ཁོང་ཉིད་ནམ་འཁྲུངས་ཀྱི་སྐོར་ན་ཡང་
གནས་ཚུལ་འགའ་རེ་སྣང་སྟེ། 《ལྷོ་བྲག་ཆོས་འབྱུང》ལས་སྦ་གཞེད་ལས་ཡོས་ཀྱི་ལོ་ལ་
བལྟམས་ཏེ་རྒྱལ་ས་ལོ་བརྒྱད་ལ་མཛད་པར་འདོད་ཀྱང་། ཡབ་ལྕགས་འབྲུག་ལ་འཁྲུངས་
ནས་ལོ་དྲུག་ཅུ་རེ་གསུམ་ལ་འདས་པའི་ཚེ། སྲས་མེ་ཡོས་ལ་འཁྲུངས་ན་ལོ་བཞི་ལས་མི་འགྲོ་
ཞིང་། བརྒྱད་སོང་བ་དག་ན་ཤིང་ཕག་ལ་འཁྲུངས་དགོས་པས་ཡིག་ནོར་བྱུང་ཡོད་པར་སྣང་
། ཡིག་ཚང་ཤས་ཆེ་བར་ལྕགས་ཕོ་རྟ་ལ་འཁྲུངས་ནས་ལོ་བཅུ་གསུམ་ན་རྒྱལ་ས་མཛད་པ་་་
ཤས་ཆེ་བས་འདི་ཉིད་དག་པར་སྙམ་ལ། བུ་སྟོན་གྱིས་ས་རྟ་ལ་འཁྲུངས་བར་མཛད་ཀྱང་་
ལོ་བཅུ་གསུམ་གྱིས་སྔས་པར་སྣང་ངོ་། ། ཞེས་ཁྲི་སྲོང་ལྕགས་ཕོ་རྟ་ལ་འཁྲུངས་བར་འདོད་པ་
འདི་འཐད་ལྡན་དུ་བཟུང་ཡོད། 《དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས་ཆུ་རྟ་ལོར
་འཁྲུངས་བར་བཞེད་པ་ལ་ཁོ་བོས་ཕྱི་མ་འདོད་དེ། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེར་
ཁོང་གི་ཡབ་ཁྲི་ལྡེ་གཙུག་བརྟན་ཤིང་མོ་ལུག་གི་ལོ་ལ་སྐུ་གཤེགས་ཏེ་སྴབས་དེར་ཁོང་དགུང་
གྲངས་བཅུ་གསུམ་ལ་ཕེབས་ཡོད་ན། འཁྲུངས་ལོ་ཆུ་ཕོ་རྟ་ཡིན་པ་ཐག་ཆོད་ཐུབ་པས། སྦ་
བཞེད་དུ་ཡོས་ཀྱི་ལོ་༧༣༩དཔྱིད་ཟླ་ར་བའི་ཚེས་གསུམ་ལ་རྒྱའི་ཧ་ཤང་གི་ལུང་བསྟན་ལྟར་
བྱས་ཏེ་འཁྲུངས་བར་འདོད་པ་སོགས་ནི་རྫུན་དུ་ངེས་ཏེ། སྦ་བཞེད་ཀྱི་དཔེ་ཆ་འདི་ཡིག་རྙིང
་ཁུངས་བཙུན་ཡིན་མིན་གྱི་སྐོར་མཁས་པ་རྣམས་བཞེད་ཚུལ་མི་མཐུན་པ་ཅི་རིགས་ཤིག་་་
ཡོད་པ་དང་། གོང་གསལ་དུ་ཁོ་བོས་ཀྱང་ཡིག་རྙིང་འདི་ཁུངས་དག་མིན་གྱི་སྐོར་ཉུང་ཙམ་
བརྗོད་ཡོད། མདོར་ན་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་
ལོ་གཅིག་ལས་གཞན་དུ་མི་འགྱུར་བས་ཆུ་རྟའི་ལོ་སྤྱི་ལོ་༧༤༢ཡིན་པ་དང་། ཡུམ་སྣ་ནམ་་་
བཟའ་ཡིན་པ། ཕོ་བྲང་བྲག་དམར་དུ་སྐུ་བལྟམས་པ། རང་ལོ་བཅུ་གསུམ་སྟེང་ཁྲིར་བཞུགས་
པ། ཚེ་སྟོད་དུ་བོན་བསྣུབས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་སད་མི་བདུན་སོག
ས་རབ་ཏུ་བྱུང་བ། ཚེ་སྨད་དུ་བོན་བསྐྱངས་ཏེ་གནམ་ལ་ཉི་ཟླ་ཟུང་གཅིག་གིས་བརྒྱན་པ་་་
ལྟར་ས་ལ་ཡང་བན་བོན་བསྡེབས་གཅིག་ཟེར་བའི་གཏམ་འགྲོས་རིང་མོ་བཞག་པ་སོགས་
ཀྱི་གནས་ཚུལ་ཚང་མར་འཕྲོད་འདུག་པས་༧༤༢་འཁྲུངས་པ་མིག་བཙུམ་ནས་བཤད་ཆོག་གོ །
དཔྱད་གཞིའི་ཡིག་ཆ། སྦ་བཞེད། སྦ་གསལ་སྣང་གིས་བརྩམས། ཏི་སེའི་འོད་སྣང་། ནམ་མཁའི་ནོར་བུས་བརྩམས།
དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱལ་དབང་ལྔ་བས་བརྩམས། བོད་ཀྱི་རྩོམ་རིག་བྱུང་
འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས།
- ཟིན་ཐོ་གོང་མ།བསྟོད་ཚིག་ཁུ་བྱུག་དགོད་པའི་གྲེ་འགྱུར།
- ཟིན་ཐོ་འོག་མ།གཟུགས་རྒྱན་ཉི་ཤུའི་དཔེར་བརྗོད་དབྱངས་ཅན་བཞད་པའི་ལང་ཚོ།