ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཞིང་གྲོང་གི་འོད་སྣང་ཞིག | 2012/1/16 16:33:00

ཁྲི་ཀ་རྫོང་སེར་བརྒྱའི་ཞིང་གྲོང་གི་རྩོམ་རིག་ལོ་དེབ་༼ཞིང་གྲོང་གི་འགྱུར་ཁུགས་༽འདོན་སྤེལ་གནང་ནས་ལོ་འཁོར་བཅུ་ལོན་པའི་རྟེན་འབྲེལ་དུ།

ཆོས་རིག་ཤེས་བྱའི་སྐྱེད་ཚལ་དོ་ར་ན།

རྩོམ་རིག་མེ་ཏོག་དྲི་བསུང་རབ་ཐུལ་ཅིང་།

གཞོན་སྐྱེས་རྩོམ་རིག་བུང་བའི་དགའ་སྟོན་དུ།

ཤར་བའི་ཞིང་གྲོང་འགྱུར་ཁུགས་དང་བོ་བལྟམས།།

ཞིང་འབྲོག་འཚོ་བའི་ངོ་བོ་མ་འགྱུར་བ།།

ཞིང་འབྲོག་ཐུན་མིན་ཁྱད་ཆོས་འབུར་ཐོན་ཅིང་།།

ཞིང་ས་གཤིན་པོར་གྱུར་བའི་རང་གཤིས་དེ།།

ཞིང་ཁམས་མདོ་སྨད་ཁྲི་ཀའི་ཡུལ་ནས་འབར།།

ཁྲི་མ་འབུམ་གྱི་ཚན་རྩལ་དར་བའི་དུས།།

ཁྲི་ཕྲག་ཡུན་གྱི་དམངས་སྲོལ་རྒྱུན་སྐྱོང་བའི།།

ཁྲི་ཀའི་ཞིང་གྲོང་ཁུགས་ནས་གླུ་དབྱངས་ཤིག །

ཁྲི་སྟོང་ལྷག་བསམ་ཅན་ལ་གཅེས་སུ་ཕུལ།།

ཁ་བའི་འདབ་ལྟར་ལྷག་བསམ་འོད་སྟོང་གིས།།

ཁ་བའི་ལྗོངས་ཀྱི་ཞིང་གྲོང་སྨྱུག་ཐོགས་ཀུན།།

ཁ་བའི་ས་བོན་བཏབ་པའི་ས་ཆེན་ཞིག །

ཁ་བ་གངས་ཅན་པ་ཡི་སྙིང་དུ་འཚེར།།

ཞང་ཞུང་གྱེར་བསྟན་རྒྱ་གར་དམ་པའི་ཆོས།།

རྒྱ་ནག་རྩིས་དང་གངས་ལྗོངས་རིས་མེད་བསྟན།།

ལ་སོགས་སོ་སོའི་རང་བཞིན་རྒྱུད་འཛིན་ལྟར།།

ཞིང་གྲོང་འགྱུར་ཁུགས་དེ་ཡང་དེའི་རང་བཞིན།།

གནའ་དེང་སྲོལ་རྒྱུན་སྙིགས་དོར་བཅུད་ལེན་པ།།

ལེགས་བཤད་རྒྱ་མཚོ་དཔལ་ལ་འགྲན་པའི་སྡེ།།

གངས་ཅན་མདོ་སྨད་ཡུལ་ནས་ཤར་བ་དེས།།

རང་གཞན་ཀུན་གྱིས་ངལ་གསོའི་གར་སྟེགས་འོས།།

ལེགས་བཤད་དོ་རར་འགྲིམ་པའི་སྨྱུག་ཐོགས་པས།།

ལེགས་སྐྱེས་སྣ་ཚོགས་འཛམ་གླིང་ཡུལ་གྲུ་ལ།།

ལེགས་སུ་ཕུལ་བའི་༼ཞིང་གྲོང་འགྱུར་ཁུགས་༽དེ།།

ལེགས་ལམ་ཡོང་བའི་རྟེན་འབྲེལ་ཞུ་བའོ།།

༢༠༠༩.༤.༣ཉིན་ལ་༼ཞིང་གྲོང་གི་འགྱུར་ཁུགས་༽ལོ་དེབ་ལ་ཕུལ་བའོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.