དུས་དང་རྣམ་པར་ཀུན་ཏུ་ང་ཚོ་སྤྱི་སྒེར་ཀུན་ལ་ཐུན་མོང་ལ་དབང་བའི་གཡུང་དྲུང་བོན་དང་འབྲེལ་བའི་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་དང་།༼ཧི་བོན་ཟིན་བྲིས༽དྲ་བ་གཉིས་ལ་ཐུགས་བཀུར་དང་རྒྱབ་སྐྱོར་གཟིགས་རྟོག་བཅས་གནང་མཁན་གྱི་རྒྱལ་ཕྱི་ནང་དུ་བཞུགས་པའི་སྤུན་ཟླ་རྣམ་པ་ཀུན་ལ་དུས་ལྟར་དུ་ཟིན་ཐོ་སྤེལ་བ་དང་དྲ་ཚིགས་ཀྱི་ཁ་ཕྱོགས་དང་མཐུན་པའི་རྩོམ་ཡིག་གནང་བསྐུར་སོགས་བཅས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ད་དུང་མུ་མཐུད་ནས་གོང་ལྟར་གནང་བའི་རེ་བ་དང་རེ་སྒུག་ཀྱང་བྱེད་བཞིན་ཡོད་ལགས།
དེང་སྐབས༼ཧི་བོན་ཟིན་བྲིས་༽ཀྱི་ཟིན་ཐོ་ཁ་ཤས་ཀྱི་དཔྱད་གཏམ་བཞི་བཅུ་ཡན་མང་བ་རྣམས་མི་སྒེར་གྱི་ཟིན་བྲིས་སྒྲོམ་གཞི་ཆེ་ཆུང་ཚད་གཞིས་དབང་གིས་ཟིན་ཐོ་དཔྱད་གཏམ་ཚང་མ་དྲ་ངོས་གཅིག་ཏུ་ཤར་མ་ཐུབ་པ་སོགས་ཀྱིས་རྐྱེན་པས་དཔྱད་གཏམ་པ་མང་བོ་ཞིག་གི་སེམས་ལ་ཕོག་ཐུག་རེ་བྱུང་ཡོད་ཤས་ཆེ་བས་འདིར་ཆེད་དུ་དགོངས་དག་ཀྱང་ཞུ་བ་ལགས། གནས་ཚུལ་འདིའི་ཐད་ལ་གུས་པ་རང་ཉིད་ཀྱང་སེམས་འཚུབ་བྱུང་ངང་ནས་ཐབས་ཤེས་གང་དྲག་ཞིག་གཏོང་ནས་དཔྱད་གཏམ་གང་ཡོད་རྣམས་བལྟ་ཐུབ་པ་ཞིག་བཟོ་ཡོད་ལ།
བལྟ་སྟངས་ངོ་སྤྲོད་གནད་བསྡུས་ཤིག་བྱེད་པ་ལ།
པར་རིས་དང་སྦྲག་སྟེ་ངོ་སྤྲོད་པ་ལ།
༡ དཔྱད་གཏམ་བཞི་བཅུ་ཡན་གང་བ་རྣམས་ཀྱི་ཟིན་ཐོའི་དཔྱད་གཏམ་ཡོངས་བལྟ་བ་ལ།
དཔྱད་གཏམ་བཞི་བཅུ་ཐམ་པའི་འོག་ན་ཡོད་པའི་དཔྱད་གཏམ་ཡོངས་ཀློག་པ།ཞེས་པ་དེ་སྣོན་དགོས།
༢ དཔྱད་གཏམ་སྤེལ་སའི་གཡས་ཕྱོགས་སུ་ཡོད་པའི་ཨང་གྲངས་དེ་བདམས་གསེས་བྱེད་པ་དང་།
དཔྱད་གཏམ་རྣམས་དུས་ལྡོག་ལྟར་འཆར་བ་རྣམས། ཨང་གོང་མ་༼ཨང་གྲངས་1ལྟ་བུ༽རྣམས་དཔྱད་གཏམ་གསར་བ་དང་འོག་མ༼ཨང་གྲངས་2ལྟ་བུ༽རྣམས་དཔྱད་གཏམ་རྙིང་བ་དག་ཡིན།
དཔྱད་གཏམ་དུས་ཚོད་ལྟར་འཆར་བ་རྣམས། ཨང་གོང་མ་༼ཨང་གྲངས་1ལྟ་བུ༽རྣམས་དཔྱད་གཏམ་རྙིང་བ་དང་འོག་མ༼ཨང་གྲངས་2ལྟ་བུ༽རྣམས་དཔྱད་གཏམ་གསར་བ་དག་ཡིན། ༼འོག་གི་ཁྱུང་སྐྱུགས་ཟིན་བྲིས་ཀྱི་དཔྱད་གཏམ་རྣམས་དུས་ལྡོག་ལྟར་འཆར་བའི་དཔྱད་གཏམ་ཡིན༽
དཔེར་ན། ཟིན་བྲིས་པ་ཁྲི་གཡུང་དྲུང་མར་ནང་ཚང་གི་ཟིན་བྲིས་ཁྱུང་སྐྱུགས་ཀྱི་ཟིན་ཐོ་མཁས་དབང་མཁར་རྨེའུ་བསམ་གཏན་གྱི་མཆན་བུ་ཚང་མ་ཡོད་སའི་ཟིན་གནས།
u/triyungblog/archives/2011/1250.html
དོ་དམ་པའི་མིང་འཛིན་པ་རིན་སྤུངས་ཚུལ་བསྟན་ནས་
- ཟིན་ཐོ་གོང་མ།གཤེན་རིན་པོ་ཆེའི་གསོལ་འདེབས།
- ཟིན་ཐོ་འོག་མ།གླུ་དབྱངས་དང་རྡུང་ལེན།
གཤམ་བྱང་ལྟར་ཡིན།
u/triyungblog/archives/2011/1250.html
ཐུགས་རྗེ་ཆེ།
གཤེན་ཚེ་ཚང་གིས།