ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སླར་ཡང་ཡུལ་ཤུལ་གྱི་སྤུན་ཟླ་དྲན་པ།  | 2012/1/16 16:29:00

གཅིག་ཐིག་བཅུ་ཡི་བཞི་གཅིག་བཞི་སྟེང་དུ། །
གཅིག་སྒྲིལ་ཡུལ་ཤུལ་གནས་མཆོག་དམ་པ་རུ། །
གཅིག་སེམས་ཕམ་པའི་འབྱུང་འཁྲུགས་དྲག་འགུལ་གྱིས། །
གཅིག་ཁྲི་འགའ་ཡི་ཚེ་སྲོག་འཕྲོག་པར་བྱས། །
བཅུ་གཅིག་གཅིག་བཞི་དུས་དྲན་ཆེན་མོའི་ཉིན། །
བཅུ་ཕྲག་གདུང་སེམས་མཉམ་བསྐྱེད་སྤོབས་པ་སྟེ། །
བཅུ་ཕྲག་ཐལ་མོ་སྙིང་གི་དཀྱིལ་བཟུང་སྟེ། །
བཅུ་ཕྲག་དགེ་བཅུ་དཔལ་གྱིས་མྱ་འདས་སྔོན། །
བཞི་གཅིག་བཞི་ཡིས་གདུག་སེམས་རུ་ང་ཞིག །
བཞི་གསུམ་མདོར་གནས་ཡུལ་ཤུལ་གནས་ཤིག་ལ། །
བཞི་གཉིས་ཟིན་མིན་ཡས་ཀྱི་ས་འཁྲུགས་ཀྱིས། །
བཞི་གཅིག་བཞི་ཡིས་དོན་ཆེན་ཞེས་སུ་གྲགས། །
དུས་ཀྱི་སྙིགས་མ་ཞེས་པའི་ལྔ་བདོའི་དུས། །
དུས་འཁྲུགས་དུག་རླངས་འཛམ་གླིང་ཡུལ་ཕྱོགས་ཀུན། །
དུས་མིན་མི་བདེ་ནད་མཚོན་བསྐལ་ཞི་སྟེ། །
དུས་བདེ་དགེ་མཚན་ཕྱོགས་ཁྱབ་ཤོག །
ཡུལ་གྱི་སྙིང་བོ་འཛམ་གླིང་ཡང་རྩེ་རུ། །
ཡུལ་ལུང་ཁམས་རླུང་སྤུས་གཙང་གིས་བཀང་ཞིང་། །
ཡུལ་ལུང་ས་འབུར་རྡོ་འབུར་སློག་འཁྲུགས་རྐྱེན། །
ཡུལ་ཁམས་ཀུན་ལ་མི་བདེ་ཁྱབ་པ་སྐྱོ། །
གང་དག་མྱ་ངན་འདས་པའི་འགྲོ་བ་རྣམས། །
གང་ཞིག་བདེ་ཆེན་གོ་འཕང་མངོན་ཐོབ་ཅིང་། །
གང་དག་འཚོ་བཞེས་གནང་བའི་སྐྱེ་འགྲོ་རྣམས། །
གང་ཡང་བདེ་སྐྱིད་འཚོ་བའི་བདེ་ལྡན་ཤོག །
སྒོ་གསུམ་དགེ་བའི་ལས་ཚོགས་གང་བསྒྲུབས་པ། །
ཁམས་གསུམ་འགྲོ་བའི་དོན་དུ་བསྔོ་སྨོན་གདབ། །
དུག་གསུམ་སྡིག་སྒྲིབ་མ་ལུས་བྱང་ནས་ནི། །
སྐུ་གསུམ་བདེ་ཆེན་གོ་འཕང་མྱུར་འགྲུབ་ཤོག །
ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུཿ ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུཿ

ཞེས་ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་ངོ་གཅིག་སོང་བས་དུས་དྲན་དུ་རིན་སྤུངས་ཚུལ་བསྟན་ནས་༢༠༡༡ལོའི་ཟླ༤བའི་ཚེས་༡༣གྱི་མཚན་མོ་ཆུ་ཚོད་༢༣སྟེང་གང་མགྱོགས་སུག་བྲིས་བྱས་ཏེ་ཕུལ་བའོ། །

Re:སླར་ཡང་ཡུལ་ཤུལ་གྱི་སྤུན་ཟླ་དྲན་པ། | 2012/7/17 12:51:27
Drncharའབྱུང་ལྔ་ཡི་འཕོ་འགྱུར་ཁྲོད་དུ། ཚེ་སྲོག་གི་རྒྱུན་ཐག་ཆད་པའི། ཡུལ་ཤུལ་གྱི་་ཕུ་ནུ་རྣམ་ལ། ཐུགས་སྨོན་གྱི་མཛད་བཟང་བསྣོན་མཁན། རིན་སྤུངས་པ་སྙིང་ནས་འདུད་དོ། ཕྱྭ་བརྩུན་ནས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.