ཧི་བོན་ཟིན་བྲིས།
རིན་སྤུངས་པའི་གདན་ས།
སྤྱི་བསྒྲགས།
    ཧི་མ་ལ་ཡའི་བོན་དྲ་བའི་ཡན་ལག་ཧི་བོན་ཟིན་བྲིས་ལ་གནས་ཚུལ་གང་ཡོད་འབྲེལ་བ་བྱོས། ཚང་མར་བཀྲ་ཤིས་བདེ་ལེགས།
ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བརྙན་གཟུགས༼བོད་ནང་གི་བོད༽ཅེས་པའི་གསལ་བརྡ།  | 2012/3/20 16:39:00

ཟླ་འདིའི་སྤྱི་ཚེས་ཉེར་དྲུག་ནས་ཚེས་སོ་གཅིག་བར་དུ༧ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་གཙོ་འགན་བཞེས་ནས་བོད་མདོ་དབུས་ཁམས་གསུམ་དུ་བསྐྱོད་པའི་ཟིན་ཐོ༼བོད་ནང་གི་བོད༽ཟེར་བའི་བརྙན་གཟུགས་ཤིག་བཟོས་ཡོད་པ་དེ་ཤང་ཀང་གི་བརྙན་འཕྲིན་འཕྲིན་ལམ་༼凤凰卫视中文台༽ནང་དུ་བསྟན་ཀི་ཡོད་པའི་གནས་ཚུལ་འདུག
བརྙན་གཟུགས་དེ་ལ་སྤྱིའི་ལེ་ཚན་ལྔ་ཡོད་པ་དང་། ལེ་ཚན་རེ་ཉིན་རེར་བསྟན་གི་འདུག
   བསྟན་དུས་ཀྱི་རེའུ་མིག ཟླ༣ཚེས་༢༦ཉིན་ནས་ཚེས༣༠བར་གྱི་ཉིན་རེའི་དགོང་མོ་ཆུ་ཚོད༨་པ་ནས༨དང་ཕྱེད་གའི་བར་དུ་བསྟན་གི་ཡོད་པ་དང་། བསྐྱར་བསྟན་ཚེས་༢༧ནས་༣༡་བར་དུ་ཉིན་རེའི་ཞོགས་པ་ཆུ་ཚོད་༩བ་ནས་༩དང་ཕྱེད་གའི་བར་དུ་བསྟན་གི་ཡོད་པ་དང་། སླར་ཡང་བསྐྱར་བསྟན་ནི་༢༧ནས་༣༡བར་དུ་ཉིན་དགུང་ཆུ་ཚོད༤བ་ནས་༤དང་ཕྱེད་གའི་བར་བསྟན་གི་འདུག
   བརྙན་གཟུགས་དེའི་ནང་དོན་གཙོ་བོ་ནི། གནའ་བོའི་ཞང་ཞུང་སྐོར་དང་། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ཁྱད་པར་དུ་གཡུང་དྲུང་བོན་བསྟན་ཞང་ཞུང་དུ་དར་ཚུལ་དང་། དེ་ནས་རིམ་བཞིན་བོད་དུ་དར་ཚུལ་སོགས་བཀོད་ཡོད་པ་དང་། དེ་ནས་རྒྱ་གར་གྱི་དམ་པའི་ཆོས་བོད་དུ་དར་བ་ནས་བཟུང་སླར་ཡང་བོན་བསྟན་ཉམས་དམས་སུ་འགྲོ་ཚུལ་དང་། དེ་བཞིན་སླར་ཡང་བོན་བསྟན་དར་ཚུལ་དང་། ད་ལྟའི་བོན་བསྟན་གྱི་གནས་ཚུལ་དང་དགོན་སྡེའི་སྐོར་སོགས་ཀྱི་ངོ་སྤྲོད་ཀྱི་ནང་དོན་ལྡན་པ་དང་། བརྙན་ལེན་སྐོར་ལ་བོད་མདོ་དབུས་ཁམས་གསུམ་གྱི་གནའ་ཤུལ་གྲགས་ཅན་དང་། དགོན་སྡེ་གང་མང་ལ་དངོས་སུ་བསྐྱོད་ནས་ལེན་པའི་བརྙན་གཟུགས་ཤིག་ཡིན།

ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་གསུངས་པར་ལྟར་དུ་ངོ་སྤྲོད་དུ་སྤེལ་བ་ལགས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.