ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།།བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་མཐུན་ཚོགས་ཀྱི་ཚོགས་འདུ་སྐབས་གཉིས་པ། | 2012/6/18 0:58:00

༄༅།།བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་མཐུན་ཚོགས་ཀྱི་ཚོགས་འདུ་སྐབས་གཉིས་པ།

དྲུང་ཡིག་པ་དར་ཞིང་འོད་དཀར།

༄༅།།བོད་རབ་རྒྱན་ཆུ་འབྲུག་ལོའི་བོད་ཟླ་བཞི་བའི་ཚེས་ཉེར་བདུན་དང་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་མདོ་སྨད་རེབ་གོང་གསེར་མོའི་ལྗོངས་སུ་བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་མཐུན་ཚོགས་ཀྱི་ཚོགས་འདུ་སྐབས་གཉིས་པ་རེབ་གོང་མགྲོན་ཁང་དུ་འཚོགས། ཚོགས་འདུ་ལ་བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་ཁང་བཞི་བཅུ་ལྷག་གི་འཐུས་ཚབ་མི་སྣ་དང་། ཆེད་ཞུའི་སྐུ་མགྲོན་ནི་མདོ་སྨད་དྷི་ཚ་དགོན་ཆེན་གྱི་དགེ་བཤེས་ཆེན་མོ་དང་བོད་ཀྱི་རྩོམ་པ་བོ་གྲགས་ཆེན་མུན་འཇོམས་སྒྲོན་མེ་ལགས། ཀན་སུའུ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་བོད་ཀྱི་མཁས་པ་གྲགས་ཆེན་དགེ་འདུན། གཅན་ཚ་ལྷ་རིས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཨ་ལགས་ཁ་སྒང་། རེབ་གོང་རྫོང་ཆོས་ལུགས་སྡེ་ཁག་གི་མགོ་གཙོ་པདྨ་ཚེ་བརྟན་བཅས་ཕེབས།


སྐབས་གཉིས་པའི་ཚོགས་འདུའི་སྟེང་དུ་དཔལ་བེའུ་གཟེངས་རྟགས་བྱ་དགའ་རྩོམ་པ་བོ་ལྔ་དང་།  རྩོམ་སྒྲིག་ཁང་གསུམ་ལ་ཕུལ།   རྩོམ་པ་བོ་ལྔ་ནི་བློ་གླིང་དགེ་བཤེས་རྣམ་རྒྱལ་དབང་ཆེན།   གངས་འཚོ།  ར་སེ་དཀོན་མཆོག་རྒྱ་མཚོ།  རོང་བོ་དགེ་འདུན་ལྷུན་གྲུབ།   ཆོས་བཟང་འཕྲིན་ལས་རྒྱ་མཚོ་བཅས་ཡིན་ལ།   རྩོམ་པ་བོ་འདི་དག་ལ་སྐབས་དང་བོའི་དཔལ་བེའུ་གཟེངས་རྟགས་བྱ་དགའི་དཔང་ཡིག་དང་།   རྟགས་མ།  སྒོར་ཉིས་སྟོང་རེ་ཕུལ།  བྱ་དགའ་ཐོབ་པའི་རྩོམ་སྒྲིག་ཁང་གསུམ་ནི།   ཀུར་གུམ་ཆུན་པོ།   བླ་སྲོག   དགེ་ཆོས་དྲ་བ་བཅས་ལ་བྱ་དགའི་རྟགས་མ་དང་།  གཟི་བརྗིད་དཔང་ཡིག   སྒོར་ལྔ་བརྒྱ་རེ་བཅས་ཕུལ།


བྱ་དགའ་འབུལ་བཞིན་པ།

བྱ་དགའ་ཐོབ་པའི་རྩོམ་པ་བོ་དང་རྩོམ་སྒྲིག་ཁང་།

བགྲོ་གླེང་གནང་བཞིན་པ།

ལས་སྣེ་བ།

ཚོགས་གཙོ།     འགར་རྩེ་འཇིགས་མེད།   མཚན་འཛིན་ཚོགས་གཙོ།   ལྡོང་ཡོན་ཏན་རྒྱ་མཚོ།      བསམ་འགྲུབ་ཚེ་རིང་།ཚོགས་གཙོ་གཞོན་པ། ཨ་ལགས་ཕྱག་ཤུལ།     ཁ་གྱ་འཇིགས་མེད།  ས་གནས་ལས་འཛིན་མི་སྣ།  ཀན་ལྷོ་ཁུལ་གྱི་རྟ་མགྲིན་ཚེ་རིང་།      མགོ་ལོག་ཁུལ་གྱི་ལྡོང་ཡོན་ཏན་རྒྱ་མཚོ།  རྔ་བ་ཁུལ་གྱི་རིན་སྤུངས་ཚུལ་བསྟན།     རྨ་ལྷོ་ཁུལ་གྱི་རོང་བོ་བློ་གྲོས་བརྟན་པ། མཚོ་བྱང་ཁུལ་གྱི་རྐང་གཞུང་བློ་བཟང་དར་རྒྱས།   མཚོ་ཤར་ཁུལ་གྱི་རྨོག་ཡེ་ཤེས། མཚོ་ལྷོ་ཁུལ་གྱི་བན་ཤུལ་འཇམ་དབྱངས།    དྲུང་ཡིག་པ།    སོག་པོ་ལུང་རྟོགས།  དར་ཞིང་འོད་དཀར།   

འདི་ལྟར་ལས་སྣེ་བ་དག་བསྐོས་ཏེ་ཚོགས་འདུའི་མགོ་བཀྲ་ཤིས་དང་མཇུག་བདེ་ལེགས་ཀྱིས་གྲུབ་པར་བྱས་སོ།།     བཀྲ་ཤིས་བདེ་ལེགས།

རེ་སྐོང་ཁ་བའི་མེ་ཏོག་དྲ་ཚིགས་ལས་བཤུས་པའོ། །

Re:༄༅།།བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་མཐུན་ཚོགས་ཀྱི་ཚོགས་འདུ་སྐབས་གཉིས་པ། | 2012/6/18 19:33:36
བྷོད་ཞེན(སྐུ་མགྲོན)ར་སེ་དཀོན་མཆོག་རྒྱ་མཚོ་ལ་བྱ་དགའ་སྤྲད་པར་བློ་ཕམ་ཡོད། ཁོ་མི་རིགས་ཀྱི་ལ་རྒྱ་དང་མཐུན་ལམ་ལ་བསམ་བློ་མེད་པའི་ཆོས་ལུགས་ཀྱི་ནང་དཀྲུགས་མཁན་ཞིག་ཡིན་པས་ཡིན།
རྩོམ་པ་པོ།:བྷོད་ཞེན(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.