ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཀུན་ཟུང་ལྡན་ཅན་གྱི་ཚིགས་བཅད་འགའ།  | 2011/5/29 22:01:00

ཀུན་རྨོངས་གཅོད་པའི་ཀུན་ཤེས་རལ་གྲི།

ཀུན་ནས་ལེགས་པའི་ཡོན་ཏན་རབ་རྫོགས་པའི། །

ཀུན་དགའ་ར་བའི་གངས་ཅན་ཤེས་རིག་མཛོད། །

ཀུན་གསལ་ནམ་མཁའ་ཇི་བཞིན་གཏིང་ཟབ་པའི། །

ཀུན་ལྡན་ཁ་བ་ཅན་གྱི་རིག་གཞུང་རྒྱས། །

ཀུན་རྨོངས་དྲ་བ་བཙུད་པའི་འགྲོ་བ་རྣམས། །

ཀུན་བཟང་མཁྱེན་རྩལ་དགོངས་པ་མངོན་པའི་སླད། །

ཀུན་ཤེས་སྨྲ་བའི་སེང་གེ་གཙུག་བསྙེན་ནས། །

ཀུན་རིག་ཡོན་ཏན་མ་ལུས་མཐར་རྒྱས་ཤོག །

ཀུན་ནས་བསོད་ནམས་དགེ་བའི་དཔལ་རོལ་བ། །

ཀུན་དག་སྒྲིབ་གཉིས་ཟད་པའི་མངོན་རྟོགས་རིགས། །

ཀུན་བདེ་མཐའ་ཡས་མོས་པ་སྤྲོ་བ་ཡིས། །

ཀུན་བཟང་བདག་ཞལ་མངོན་དུ་རོལ་བར་ཤོག །

ཀུན་རིག་རྣམ་དག་ལམ་གྱི་དམིགས་པའི་ཐབས། །

ཀུན་མཁྱེན་དབང་བོ་ཡུལ་མཆོག་གནས་ཀྱི་སྐྱབས། །

ཀུན་དང་མཐུན་པའི་ཡུལ་ལུགས་དང་བསྟུན་ནས། །

ཀུན་དགའ་གནས་ལ་མྱུར་དུ་འཐོབ་ལ་འབད། །

ཀུན་གྱི་རྩ་བ་གཞན་ཕན་བྱང་ཆུབ་སེམས། །

ཀུན་ནས་དོན་དུ་བླངས་པའི་སྤོབས་པ་དེ། །

ཀུན་ནས་རྒྱན་པའི་རྟེན་འབྲེལ་འབར་བའི་གཤིས། །

ཀུན་ཀྱང་རང་སེམས་བདག་སྐྱོང་དེར་མ་འདས། །

ཀུན་དབང་འདོད་སེམས་འཆང་བའི་ཉོན་མོངས་པ། །

ཀུན་བདེ་ལམ་གྱི་བཀག་རྡོ་ངེས་པ་ལ། །

ཀུན་ཀྱང་དེ་ལ་འཇུག་པའི་གོམས་གཤིས་དེ། །

ཀུན་གྱིས་དོར་བའི་དུས་ཤིག་འབར་བར་ཤོག །

ཀུན་དང་མཐུན་པའི་རྩ་བ་རྩེར་བཟུང་ནས། །

ཀུན་དགའ་བྱ་བ་ལམ་གྱི་འཇུག་སྒྲིལ་ཏེ། །

ཀུན་མཁྱེན་སྨྲ་བའི་སེང་གེའི་དགོངས་པ་དག །

ཀུན་ཀྱང་ཐུགས་སུ་ཆུད་པའི་བཀྲ་ཤིས་ཤོག །

༢༠༡༠་༡༢་༥ཉིན་གྱི་དགོང་དྲོ་གང་མགྱོགས་སུ་བྲིས་པའོ། །

Re:ཀུན་ཟུང་ལྡན་ཅན་གྱི་ཚིགས་བཅད་འགའ། | 2011/6/24 16:04:08
tibetmonkགོང་གྲོགས་རྣམ་གཉིས་ཕེབས་པར་དགའ་བསུ་ཞུ།
Re:ཀུན་ཟུང་ལྡན་ཅན་གྱི་ཚིགས་བཅད་འགའ། | 2011/6/21 2:21:06
Drncharཨེ་མ་ཡ་ཨེ་མ།། ཁྱེད་ཀ ྱིསམཛེས་རྒྱན་འ དི་ངོ་མ་གཉིས་ཀྱིས་ངོ་མཚར་
བའི་གཏམ་རྒྱུད་ཞིག་རེད།།
ལྷག་སེམས་འོ ད་སྟོང་གིས་ཁྲོད་ནས།།
གཟི་བརྗིད་པད་དཀར་གྱི་གཞོན་ནུ།།
འཛམ་གླིང་གོ་ལ་ཡི་ཁྱོན་འདིར།།
བཞད་པས་བཀྲ་ཤིས་དེ་བསྩོལ་ཅིག།
ངོ་མ་ཡག་པོ་འདུག | 2011/6/5 23:25:51
xianba
རྩོམ་པ་པོ།:xianba | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.