ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/8 22:58:00

དྲ་གྲོགས་ལྷན་རྒྱས། སྐུ་ཁམས་བཟང་། དེ་ཡང་༼ཧི་མ་ལ་ཡའི་བོན་ནམ་ཧི་བོན་ཟིན་བྲིས༽འདི་ནི། ངེད་༼ཧི་མ་ལ་ཡའི་བོན་༽དྲ་བའི་གཙོ་སྒྲུབ་པ་རྣམས་ཀྱིས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ལ་ཆེད་དམིགས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་བཟོས་པ་ཞིག་ཡིན་ལ། ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་ལམ་ནས་སྤེལ་བའི་གཡུང་དྲུང་བོན་དང་འབྲེལ་བའི་ཟིན་བྲིས་ཐོག་མ་ཡང་ཡིན། དེ་ཕྱིར༼ཧི་བོན་ཟིན་བྲིས༽སུ་བཞུགས་པའི་སྤུན་གྲོགས་དག་ནས་གཙོ་བོ་གངས་ཅན་བོད་ཀྱི་རིག་གཞུང་མ་ལག་གཡུང་དྲུང་བོན་གྱི་བསྟན་པའི་གཞུང་ལུགས་དང་འབྲེལ་བའི་རྩོམ་རིག་སྣ་ཚོགས་ཏེ། བོན་གྱི་གྲུབ་མཐའ་དང་། རིག་གཞུང་། ཤེས་རིག ལོ་རྒྱུས། དཔྱད་རྩོམ། སྙན་རྩོམ། འབེལ་གཏམ། མི་སྣ་ངོ་སྤྲོད། དགོན་སྡེ་རི་ཁྲོད། གནས་རི། གནའ་ཤུལ་གྲགས་ཅན་གྱི་ངོ་སྤྲོད་སོགས་ཀྱིས་མཚོན་པའི་རྩོམ་ལུས་སྣ་ཚོགས་སྤེལ་ཏེ་རིག་གཞུང་ཞིབ་བསྡུར་དང་། བརྒྱུད་བསྒྲོགས་དར་སྤེལ། ལྟ་ཚུལ་འདོན་སྤྲོད་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་རིག་གཞུང་འདིའི་ཁྱད་བོན་ས་སྒང་ཧྲིལ་བོར་མྱོང་ཚོར་དང་ངེས་ཟིན་ཟབ་མོ་ཐོབ་ཏུ་འཇུག་དགོས། དེ་ནི་ང་ཚོས༼ཧི་བོན་ཟིན་བྲིས༽བསྒྲུབས་པའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་ཡང་ཡིན་པས་དེའི་ལུགས་ཐུགས་ལ་འཇགས་པར་མཁྱེན། རྩོམ་ཡིག་སྤེལ་སྐབས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་གཅེས་འཛིན་དང་གྲུབ་མཐའ་ཕན་ཚུན་གྱི་བར། མི་རིགས་ཁག་དང་བླ་སྤྲུལ་བར་མི་མཐུན་ཕུང་དཀྲུགས་ཀྱི་རིགས་རྣམས་རིང་དུ་དོར་ནས་མཐུན་སྒྲིལ་གྱི་ལྟ་བ་དཀྱིས་སུ་འཛིན་རྒྱུ་གལ།

ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། །
ལྷ་མི་ལ་སོགས་སེམས་ཅན་ཐམས་ཅད་ལ། །
སོ་སོ་རང་རང་སྒྲ་སྐད་ཅི་བཞིན་དུ། །
འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤོག །

Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/12 19:43:08
tibetmonkགྲོགས་ཁྱུང་བཟང་ལགས། གཟིགས་ཕེབས་གནང་བར་དགའ་བསུ་ཞུ།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/12 17:08:44
qongsangཧི་བོན་དྲ་བདག་རྣམ་པར་རྟེན་འབྲེལ་ཡང་ཡང་ཞུ་གི་ཡོད།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/10 16:12:07
tibetmonkགྲོགས་ཁྱེད་ཀྱང་ཧི་བོན་ཟིན་བྲིས་སུ་གདན་གཞི་བཟུང་བར་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/10 8:51:39
triyungdrungགྲོགས་པོ་ལགས་སྙིང་ནས་དགའ་ཡོད།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/9 12:49:12
tibetmonkགྲོགས་རྣམ་གཉིས་བཀྲ་ཤིས་བདེ་ལེགས།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/9 6:32:38
snowyouthགྲོགས་པོ་ལགས། ཞོགས་པ་བདེ་ལེགས། ཟིན་བྲིས་ཐད་དཀའ་ལས་མང་པོ་མྱང་བས་འབྲས་བུ་ཡང་མི་དམན་པ་བླངས་འདུག ད་ནི་སོས་དལ་བག་ཕེབས་ཀྱིས་བཞུགས་ཆོག་ཆོག་ཡིན། ཧེ་ཧེ།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས། | 2011/5/8 23:12:22
wangjiezeranཐུགས་རྗེ་ཆེ། འོ་ལགས་སོགས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.