ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཆེས་རླབས་ཆེ་བའི་མཛད་པ། | 2011/5/9 9:57:00

༡གངས་རི་མཚོ་གསུམ་གནས་མཆོག་དམ་པ་རུ། །

གངས་ལྗོངས་མུན་སེལ་སྟོན་མཆོག་གཤེན་རབ་མཆོག །

གངས་དཀར་མདངས་འཛིན་བོན་སྒོ་བརྒྱད་ཁྲི་གསུངས། །

ག༵ངས་རྒྱལ་ཏི༵་སེ༵འི་རི༵ག་མཛོ༵ད་འོད་བརྒྱར་འགྱེད། །

༢བོན་གྱི་སྙིང་བོ་མདོ་སྔགས་ཟུང་གི་བསྟན། །

བོན་བསྟན་སྐྱེས་མཆོག་དམ་པ་རྣམས་ཀྱི་གསུངས། །

བོན་བསྟན་མི་ཉམས་གོང་འཕེལ་མཛད་བཟང་ཆེ། །

བོན་གཞུང་རིག་མཛོད་རྡོལ་བའི་རྟེན་འབྲེལ་འབར། །

༣མཛད་པ་མཆོག་གྱུར་གསུང་གི་མཛད་པ་ཞེས། །

མཉམ་མེད་བླ་མས་ཡང་ཡང་གསུངས་པ་དང་། །

མཐུན་པའི་གངས་རྒྱལ་ཏི་སེ་རིག་མཛོད་དེ། །

མཛད་པ་ཀུན་གྱི་མཆོག་གྱུར་འཕྲིན་ལས་སོ། །

༤གྱེར་བསྟན་རྒྱལ་མཚན་བླ་མེད་སྒྲེང་བྱེད་པའི། །

བརྒྱད་ཁྲི་བཞི་སྟོང་བཀའ་དང་བཀའ་བརྟེན་གྱི། །

ཡང་བཅུད་ཕྱོགས་བསྡུས་ཉེར་ལྔའི་དེབ་ཀྱི་ཕྲེང་། །

རིས་མེད་སྐྱེ་འགྲོ་ཀུན་གྱི་དགའ་སྟོན་འགྱེད། །

༥བསྟན་འཛིན་སྐྱེས་མཆོག་རྣམས་ཀྱིས་བཀུར་ཐོབ་པའི། །

རྩེ་ཞིག་མཆོག་སྤྲུལ་གང་གི་མཛད་འཕྲིན་དག །

ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས་ཤིང་། །

གང་གི་ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག །

ཅེས་གཡུང་དྲུང་བོན་གྱི་གཞུང་ལུགས་དཔེ་ཚོགས་ཆེན་མོགངས་ཏི་སེ་བོན་གཞུང་རིག་མཛོདཅེས་པའི་དེབ་ཕྲེང་པར་སྐྲུན་བྱེད་པ་ལ་་རྟེན་འབྲེལ་དུ་ཤར་ཟིང་ཆུ་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་བའི་མིང་འཛིན་པ་རིན་སྤུངས་ཚུལ་བསྟན་ནམ་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་ནས་ཕུལ་བ་དགེའོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.