རིན་སྤུངས་པའི་གདན་ས།
སྤྱི་བསྒྲགས།
ཧི་མ་ལ་ཡའི་བོན་དྲ་བའི་ཡན་ལག་ཧི་བོན་ཟིན་བྲིས་ལ་གནས་ཚུལ་གང་ཡོད་འབྲེལ་བ་བྱོས། ཚང་མར་བཀྲ་ཤིས་བདེ་ལེགས།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོན་པོ་ནང་བ་མ་རེད་ཅེས་པའི་བརྙན་གཟུགས་ཤིག | 2011/9/18 17:02:00
3
མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཚོགས་དུས་སུ་དགེ་བཤེས་འགའ་ཞིག་གིས་དམངས་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་སུ་སེར་བྱེས་ལྷ་རམས་པ་ཡིན་ཟེར་མཁན་ཞིག་གིས་ནང་ཆོས་ངོ་སྤྲོད་བྱེད་སྐབས་སུ་བོད་ཀྱི་གྲུབ་མཐའ་དག་ལས་བོན་པོའི་གྲུབ་མཐའ་དེ་ནང་བ་མ་རེད་ཅེས་ཟེར་གི་འདུག་པས། བརྙན་གཟུགས་འདི་ཆེད་དུ་གུས་པའི་ཟིན་བྲིས་སུ་བཀོད་པ་ཡིན་པས་འདིའི་ཐད་ལ་བགྲོ་གླེང་དང་དགག་ལན་ནམ་རྩོད་ལན་རེ་དགོས་གལ་ཆེ་སྙམ་པས་རེ་བ་བྱེད་ཀི་ཡོད་ལ། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས་པས་བོན་གྱི་མཁས་གྲུབ་དག་ནས་གཟིགས་གནང་བར་ཞུ་ཞུ།
རྩོམ་པ་པོ།:རིན་སྤུངས། | བལྟ་ཀློག(611) | ལན་སློག(12) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན།
- ཟིན་ཐོ་འོག་མ།ཤར་རྫའི་སྐུ་ང་འདྲ་མ།


ཁྱུང་པོའི་ཕོ་རྒོད་དཔལ་རྒྱལ་གྱི་ཟིན་བྲིས་སུ་ཕེབས་ན་འདིའི་སྐོར་ཅུང་ཟད་འདུག


ངོ་མ་དེང་རབས་དུས་དང་འཚམ་པའི་བརྡ་འཕྲིན་ལམ་ནས་བདེན་དོན་གྱི་བརྡར་ཤ་ཡང་ནས་ཡང་དུ་བཅད་ནས་ཁོ་ཐེ་བའི་བསྟན་བཤིག་དག་གི་ངན་མཚང་ཕྱི་རུ་འདོན་དགོས་འདོན་ཕོད་པ་དགོས།
ལྷག་པར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དག་གིས་གནས་ལུགས་དང་བདེན་དོན་ལམ་ནས་ཤུགས་རྒྱག་དགོས་འདུག་པ་
བཅས་གལ་པོ་ཆེ་ལ་ནན་ཏན་གྱིས་ཞུ་བ་ཡིན། དམིགས་སུ་བཀར་ནས་མཁར་ནག་རིན་པོ་ཆེ་དང་རིན་སྤུངས་ལགས་རྣམ་གཉིས་ནས་བསྟན་དོན་ལ་སྨན་པའི་སྐུ་ལས་ཚད་མེད་བསྐྱངས་པ་ལ་སྙིང་དབུས་ནས་ཐུགས་རྗེ་ལན་བརྒྱ་ཞུ་བ་ཡིན།
ཁྱུང་འཚོ་བྱེད་ཟླ་འོད་འབོད་པས།


སྤྱིར་བོན་ནང་པ་མ་རེད་ཟེར་ན་འགྲིག་གི ནང་པ་ནི་ཁོ་ཚོའི་བཤད་བཞིན་པའི་རྒྱ་གར་གྱི་ཆོས་ལུགས་ལ་གོ་ཡི་ཡོད་པ་རེད། བོན་ནི་རྒྱ་གར་གྱི་ཆོས་ལུགས་མ་ཡིན་པར་བོད་རང་གི་ས་ནས་ས་སྐྱེས་རྡོ་སྐྱེས་བྱས་པའི་ཆོས་ལུགས་ཤིག་རེད།
ཆོས་སྲིད་ཀྱི་འགལ་འཁྲུག་མང་པོ་ཞིག་བརྒྱུད་ནས་བོན་ལ་ཆོས་ཀྱི་ཤན་ཞུགས།ཆོས་ལ་བོན་གྱི་ཤན་ཞུགས།མཇུག་མཐར་རྩོད་ཉོག་འདི་ལྟ་བུ་བྱུང་བ་རེད། དེ་ཡིན་ན་ཡིན་གི་ཆུག ང་ཚོ་ཚང་མ་བོད་པ་རེད ། དམིགས་ཡུལ་གཅིག་ལས་ཡོད་མ་རེད།


ཡ་བྲང་གཡུ་འབྲུག་ཚེ་རིང་གིས།


གཡུང་དྲུང་བོན་གྱི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས་པའི་བོན་གྱི་རིག་གཞུང་ལ་ཞིབ་འཇུག་གནང་དང་གནང་བཞིན་པའི་བློ་གཟུ་བོར་གནས་པའི་ཤེས་ཡོན་པ་དག་ནས་ལྷ་རམས་འདི་ལ་བོན་པོ་འདི་འདི་ནང་པ་ཡིན་མིན་སྐོར་ལ་ངེས་པར་དུ་ངོ་སྤྲོད་ཞིག་ཅི་ནས་ཀྱང་རེམས་རོགས།
ལྷ་རམས་པའི་མིང་ཆེན་ཁུར་མཁན་དེས་ཚིག་སྔ་ཕྱི་བསམ་གཞིགས་བྱེད་མི་ཐུབ་ཀི དང་པོ་ཁོས་ཟེར་ན་ཆོས་ཉམས་སུ་ལེན་དུས་ཕན་ཚུན་ཕྲག་དོག་མི་ཉན་ཞེས་དང་། གཉིས་པ་ཆོས་ལུགས་ཕན་ཚུན་ཁ་གཏོང་མི་ཉན་ཞེས་ཟེར་བཞིན་ང་ཚོ་བོད་གངས་ཅན་པའི་ལྗོངས་འདི་ན་བོན་པོའི་ཆོས་ལུགས་ནི་ནང་པ་སངས་རྒྱས་མ་རེད་ཅེས་བསླབ་བྱ་འདི་ལྟ་བུ་ཇི་འདྲའི་སྐྱུག་བྲོ་བ་ཞིག་ཅི་ལ་མིན། ལྷ་རམ་ཁོང་འདི་ལྟ་བུ་མགོ་རྨོངས་དུས་དེར་འདུས་ཀྱི་མང་ཚོགས་དག་ནི་དེ་བས་ཀྱང་ངོ།
སྙིང་རྗེ་སྙིང་རྗེ།
ལྷ་གཡག་དར་མས།

འོ་ན་་ཁྱོད་ཀྱིས་བོན་པོའི་གྲུབ་མཐའ་དེ་བོན་པོ་རེད་ཅེས་སྒྲུབ་རྒྱུ་ཡིན་ནམ།