ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན།  | 2011/9/17 23:41:00


ཕིང་ཝུང་པའོ་ཨེན་དགོན་གྱི་འདྲ་རིས་བྲིས་མ།

ཕིང་ཝུང་པའོ་ཨེན་དགོན་གྱི་མདུན་སྒོ།

ཤར་དུང་རིའི་ལྷོ་ཕྱོགས་ཕིང་ཝུའུ་རྫོང་གི་པའོ་ཨེན་དགོན་ཞེས་པ་༼རྒྱ་ཡིག་གི་པའོ་ཨེན་ཞེས་པ་དེ་ནི་དྲིན་ལན་མཇལ་བ་ཞེས་པའི་དོན་ཡིན།༽དེ་ནི་༡༤༤༠ལོ་ནས་བཞེངས་འགོ་བརྩམས་པ་དང་༡༤༦༠ལོར་གྲུབ་པ་ཞིག་རེད་ལ། དཔོན་པོ་ཝང་ཞིའི་ཞེས་པ་དེས་བཞེངས་པ་གྲགས། ལྷ་ཁང་ཆེ་ཆུང་བཅི་བཞི་ཡན་ཙམ་ཡོད། བསྐྲུན་པ་སྤུས་ལེགས་ཤིང་དབྱིབས་ཧ་ཅང་མཛེས་པ་དེ་སངས་རྒྱས་ཀྱིས་ནུས་མཐུ་དང་བྱིན་རླབས་ཀྱིས་གྲུབ། མཐོང་ན་དད་པ་དག་སྣང་བསྐྱེད། དེའི་རྟེན་ལ། སྔ་རབས་འདས་པའི་སྟོན་པ་རབ་བདུན་དང་། གྲུབ་ཆེན་བཅོ་བརྒྱད། སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་། འགྲོ་བ་རིགས་དྲུག་གི་འཁོར་ལོ་སོགས་གདུལ་བྱའི་ལམ་སྣ་འདྲེན་པའི་རྟེན་ཁྱད་པ་ཅན་ཤིན་ཏུ་མང་། དགོན་པ་དེ་ནི་རྒྱ་བོད་ཆའང་གསུམ་གྱི་དགོན་གནས་ཆེན་པོ་ཞིག་ཡིན་པ་དང་། འགྲོ་བ་རིགས་དྲུག་འཁོར་ལོ་དེ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས་བཞེངས་པ་ཞེས་གྲགས། གནས་ཆེན་ཤར་དུང་རིར་གནས་བསྐོར་སོགས་ཕྱིན་སྐབས་མཇལ་སྐོར་བ་ཚང་མས་དགོན་འདི་དང་རིགས་དྲུག་འཁོར་ལོ་དེ་མཇལ་ཐུབ་པའི་ལུགས་སྲོལ་སོགས་ཆགས་ཡོད་ལ། དེང་གི་དུས་སུའང་གནས་བསྐོར་བོད་ཆའང་རྒྱ་གསུམ་སོགས་ཉིན་རེར་རྒྱལ་ཕྱི་ནང་གི་གནས་མཇལ་བ་དང་བལྟ་སྐོར་བ་མང་བོ་ཡོང་བཞིན་ཡོད། དགོན་རྙིང་འདི་ནི་དེང་གི་ཆ་ལ་མཚོན་ན་བོན་དང་འབྲེལ་བའི་རྒྱ་ཡུལ་དུ་ཡོད་པའི་དགོན་རྙིང་རྩ་ཆེན་ཞིག་ཡིན།


སྟོང་རྒྱུང་མཐུ་ཆེན་གྱིས་བཞེངས་པ་གྲགས་པའི་འགྲོ་བ་རིགས་དྲུག་འཁོར་ལོ།
༼པར་རིས་འདི་སྐྱང་ཁ་མ་ཚང་གི་ཟིན་བྲིས་ལས་བཤུས།༽

༼བོན་དང་འབྲེལ་བའི་དགོན་རྙིང་འདིའི་ལོ་རྒྱུས་སམ་ངོ་སྤྲོད་རྗེས་ཕྱོགས་མུ་མཐུད་ནས་རྒྱས་པ་ཞིག་འབྲི་འདོད་ཆེ།༽

Re:ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན། | 2011/9/18 15:19:58
tibetmonk(སྐུ་མགྲོན)གོང་གི་གྲོགས་པོ་རྣམས་ནས་གདེང་འཇོག་གནང་བར་བཀའ་དྲིན་ཆེ། འདིའི་ཐད་ལ་རྗེས་ཕྱོགས་མུ་མཐུད་ནས་ཞིབ་འཇུག་གམ་རྩད་གཅོད་འདོད་ཡོད།
ངོ་སྤྲོད་གནད་བསྡུས་འདི་བོན་གྱི་ཤེས་རིག་ཚིག་མཛོད་ནང་དུ་བྲིས་པ་ཡིན་ལགས།
འོན་ཀྱང་དྲ་སྟེང་དུ་ཡང་འགོད་ན་དགེ་མཚན་ཅུང་ཆེ་སྙམ་ནས་བཀོད་པ་ཡིན་ལགས།
རྩོམ་པ་པོ།:tibetmonk(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན། | 2011/9/18 6:45:34
nyimawདྲ་བདག་ལགས། འདི་འདྲ་བ་རྣམས་ངེས་པར་དུ་མཁོ་བར་འདུག་པས་ཅིས་ཀྱང་བཀའ་དྲིན་ཆེ་ཞུ་བས་མ་ཚད། ད་དུང་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱིས་ཕྱུག་པའི་ངང་དུ་དེ་རིགས་མང་ཙམ་སྤེལ་བའི་རྟིང་སྐུལ་བྱེད་བཞིན་ཡོད།
Re:ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན། | 2011/9/18 3:52:50
woserདངོས་གནས་ངོ་མཚར་ཅན་ཞིག་བྱུང་། འདི་ཚོའི་སྐོར་ངེས་པར་དུ་འབྲི་དགོས་ལ་བྲིས་པ་ཙམ་དུ་མ་ཚད་ཁྱབ་བསྒྲགས་ཀྱང་རྒྱ་ཆེ་རུ་གཏོང་ན་དགེ་མཚན་ཆེ།
Re:ཕིང་ཝུང་རྫོང་གི་བོན་དང་འབྲེལ་བའི་དགོན་རྙིང་པའོ་ཨེན་དགོན། | 2011/9/18 0:02:26
triyungblogགྲོགས་པོ་ལགས།
ཐུགས་རྗེ་ཆེ་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.