ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཤར་རྫའི་སྐུ་ང་འདྲ་མ།  | 2011/9/25 23:04:00

ཟབ་ལམ་རྫོགས་པ་ཆེན་པོའི་མཁའ་ལ་གོམ་སྟབས་གཅིག་གིས་ཆོད་པའི་ཉིན་མོ་བྱེད་པ་འཇའ་ལུས་གྲུབ་ཆེན་ཆེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་གི་འདྲ་སྐུ་སྟེ་གོས་དཀར་ལྕང་ལོའི་ཆ་བྱད་ཅན་དུ་བཞེངས་པའི་སྐུ་བརྙན་ང་འདྲ་མ་ནི། ཁོང་གི་དངོས་སློབ་འདུལ་བ་འཛིན་པ་བླ་མ་སྐྱོར་ལི་ཞེས་པ་སྟེ་འདྲ་སྐུ་བཞེངས་པ་ལ་ལྷ་ཡི་བཟོ་བོ་བི་ཤྭ་ཀརྨ་མི་ཡི་གར་དུ་རོལ་བ་ལྟ་བུ་གང་དེས་ཤར་རྫ་བའི་འདྲ་སྐུ་གཉིས་བཞེངས་པར་གྲགས་ལ། གཅིག་ནི་སྨོན་རྒྱལ་དགོན་དུ་བཞུགས་པ་དང་། གཅིག་ཤར་རྫ་རི་ཁྲོད་དུ་བཞུགས་སུ་གསོལ་བ་ལས། སྔ་མ་དུས་འགྱུར་ནང་ཚེ་རིང་དོན་འགྲུབ་ལགས་ཀྱིས་བྲག་ཕུག་ཏུ་སྦས་ཏེ་ཕྱིས་སུ་སྲིད་ཇུས་སླར་གསོ་བྱུང་རྗེས་གདན་དྲངས་ནས་སྔོན་གྱི་སྒམ་མ་ཉམས་པར་བཞུགས་སུ་བཅུག་སྐབས་སྐུ་འདྲ་མཐོ་གང་ཙམ་ཡར་འཕགས་པས་སྒམ་ནང་དུ་མ་ཤོང་བར་ཀུན་གྱི་ཆུ་བུར་མིག་གི་མཐོང་ཆོས་སུ་ངོ་མཚར་འབུམ་གྱིས་བརྟས། འདྲ་སྐུ་འདི་ཀོ་བླ་མ་སྐྱོར་ལིས་བཞེངས་གྲུབ་རྗེས་གཏེར་ཆེན་གསང་སྔགས་ཧཱུྃ་ཆེན་འགྲོ་འདུལ་གླིང་བ་དང་། འདུལ་འཛིན་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚོ། དྲང་སྲོང་སེང་ཧ་ཤྲི་བཅས་སྐྱེས་ཆེན་གསུམ་གྱིས་གཟུངས་གཞུག་ཕུལ་བ་དང་། གཟུངས་རྟེན་ཞུགས་རྗེས་བྱིན་རླབས་ཀྱི་ཚན་ཁ་བརྡོལ་བའི་གསུང་འབྱིན་ཏེ་གསང་སྔགས་ཀུན་གྲོལ་ཧཱུྃ་ཆེན་ལ་སྐུ་ནི་ང་འདྲ་མ་ཡིན་་ལ། ཨཱོྃཨཧཱུྃཿཤྲིམངྒདྷཛམཧཱཛྙནསིདྡྷིཧཱུྃཿ ཞེས་པ་རང་གི་མཚན་སྔགས་ཀྱང་གསུངས་པས་ཤར་རྫའི་སྐུ་ང་འདྲ་མའམ་གསུང་འབྱོན་མར་གྲགས་སོ། །དེས་ན་བྱིན་རླབས་ཀྱི་འོད་སྣང་འབར་བའི་སྐུ་འདྲ་ནི་མཇལ་ན་ཤར་རྫའི་སྐུ་དངོས་དང་མཇལ་བ་ཁྱད་མེད་ལ། ཤར་རྫའི་སྐུ་མཇལ་ཐུབ་ན་ཀུན་ཏུ་བཟང་བོ་མཇལ་བ་དང་ཁྱད་མེད་པས་ན། སྐལ་ལྡན་ཀུན་ནས་དད་པའི་རྟེན་མཆོག་སྲིད་ན་རྒྱན་གཅིག་ཏུ་བཀུར་འོས་སོ། །

ཞེས་སྨོན་རྒྱལ་ལྷ་སྲས་ཀྱི་གསུང་ལྟར་ཨ་སྔགས་པས་སུག་བྲིས་སུ་བགྱིས་པའོ། །

Re:ཤར་རྫའི་སྐུ་ང་འདྲ་མ། | 2011/9/29 16:30:24
སྐུ་མགྲོན་028Ja4(སྐུ་མགྲོན)ཐ་ཚན་མུ་ཙུག་སྨར།
རྩོམ་པ་པོ།:སྐུ་མགྲོན་028Ja4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཤར་རྫའི་སྐུ་ང་འདྲ་མ། | 2011/9/26 15:22:38
yountenཐ་ཚན་མུ་ཙུག་སྨར།
Re:ཤར་རྫའི་སྐུ་ང་འདྲ་མ། | 2011/9/26 14:22:57
tibetmonkགྲོགས་མཆོག་ཁྲི་གཡུང་མཆོག་ལགས།
སྐུ་ཉིད་ཀྱི་ཐུགས་འདོད་ལྟར་དུ་གནང་ཆོག་ལགས།
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཤར་རྫའི་སྐུ་ང་འདྲ་མ། | 2011/9/26 11:20:43
triyungblogམཁྱེན་ཡངས་གཙོ་སྒྲིག་པ་རིན་སྤུངས་ཨ་ཁུ་ལགས།
དེ་རིང་ཡང་ཟིན་བྲིས་དོན་སྙིང་ལྡན་པ་ཞིག་སྤེལ་འདུག འདི་ཡང་གཡུང་དྲུང་བོན་དྲ་ཚིགས་སུ་འགོད་ཆོག་པར་གྱིས། ཐུགས་རྗེ་ཆེ།
ཕྲན་ཁྲི་གཡུང་དྲུང་བས་གུས་པ་དང་བཅས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.