ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླ་ཆེན་དྲན་པ་ཡབ་སྲས་རྣམ་གསུམ་གྱི་གསོལ་འདེབས།    ཁྱུང་སྤྲུལ་འཇིགས་མེད་ནམ་མ
[ 2017/2/27 22:36:00 | By: shangshung ]
 


༼བླ་ཆེན་དྲན་པ་ཡབ་སྲས་རྣམ་གསུམ་གྱི་གསོལ་འདེབས་འདོད་འབྱུང་ནོར་བུའི་བང་མཛོད་བཞུགས།༽

ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས།

ཨེ་མ་ཧོ། གདོད་མའི་མགོན་པོ་ཀུན་བཟང་ཚད་མེད་འོད། འཕྲུལ་གཤེན་སྣང་ལྡན་འཆི་མེད་གཙུག་ཕུད་དཔལ། ཐུགས་བསྟན་སྒོ་འབྱེད་དྲན་པ་ནམ་མཁའ་རྗེ། གསོལ་བ་འདེབས་སོ་འདི་ཕྱིའི་བར་ཆད་སོལ། རྣམ་ཀུན་དགེ་ལེགས་མཆོག་ཐུན་དངོས་གྲུབ་རྩོལ། གསང་བདག་གསང་འདུས་རིགས་བརྒྱའི་སྤྱི་གཟུགས་ཆེ། སྦས་དངོས་རྣལ་འབྱོར་རིག་འཛིན་ཡོངས་ཀྱི་རྗེ་མགོན། འཆི་མེད་ཚེ་ལ་དབང་སྒྱུར་ནམ་མཁའ་སྒྲོན། གསོལ་བ་འདེབས་སོ་ལམ་དགྲ་བར་ཆད་སོལ། དུས་ཀུན་འབྲལ་མེད་སྙིང་གི་ཟེ་འབྲུར་བཞུགས། འདུད་དཔུང་རབ་བཅོམ་དབལ་གཤེན་སྟག་མེ་འབར། ངོ་བོ་ལྷ་སྲིན་དབང་སྡུད་དྲེགས་ཚོགས་འདུལ། དབང་ལྡན་པད་མ་ངོ་མཚར་སྙིང་ཐིག་མཛོད། གསོལ་བ་འདེབས་སོ་དགྲ་བྱད་མི་ཁ་སོལ། ནམ་ཡང་བདེ་སྐྱིད་རྫོགས་ལྡན་ཉི་མ་བཞད། དུས་གསུམ་རྒྱལ་ཀུན་བསྟན་སྐྱོང་སྲིད་གསུམ་རྒྱལ། དྲེའུ་དམར་ནག་མི་བདུད་བྲག་བཙན་དམར། ཉི་པང་སད་ཝེར་སྒྲ་བླའི་རྒྱལ་མོ་སོགས། ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་རྒྱ་མཚོའི་ཚོགས། གསོལ་འདེབས་བསྐུལ་བཅོམ་རྣམ་བཞིའི་འདོད་དོན་སྒྲུབས། དེ་ལྟར་གསོལ་འདེབས་བདག་སོགས་འདི་ཕྱི་ཡི། བསམ་དོན་དགེ་ཚོགས་ཡར་ངོའི་ཟླ་ལྟར་སྤེལ། རྣམ་གཡེང་འདིར་སྣང་དབང་དུ་མི་འཆོར་བར། གཏན་བདེའི་དོན་ཆེན་འབད་མེད་ལྷུན་འགྲུབ་ཤོག།

 

དེ་ལྟར་གསོལ་འདེབས་འདོད་འབྱུང་ནོར་བུ་འདི། དད་ལྡན་བོན་སྔགས་འཁོར་དུ་ཚེ་འབུམ་གྱིས་བསྐུལ་ངོར་ཧོར་སྤྲང་འཇིག་མེད་ནམ་མཁའ་དེས། ཞང་ཞུང་ཁྱུང་ཆེན་སྤུངས་པའི་དབེན་ཁྲོད་བྲིས།





 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.