གསུང་རབ་གྱི་ཞལ་བསྲོ་སངས་པོའི་གཞི་ལམ་འབྲས་བུའི་གྱི་ཕྱག་ལེན་སྒྲོན་མེ་ལས།
གཡུང་དྲུང་ལྷའི་སྐད་ན། མུ་ཕྱ་ཨཿཧེ་གུ་གེ་ཕྱ། སྤུ་རྒྱལ་བོད་ཀྱི་སྐད་དུ་ན། བསྟན་པ་རྗེས་བཞག་ཡིག་གེའི་སྤྱན་དབྱེ་སྟོན་ཏེ། དེ་ཡང་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་། སྟོན་པ་གཤེན་རབ་གཉིས་ཀྱི། བསྟན་པ་རྗེས་སུ་བཞག་པ་ལ། གསུང་རབ་ཁྲི་དང་འབུམ་དུ་བྲིས་པ་ལ། བཀའི་གཏོ་སྒྲོམ་ནག་པོ་བདུད་གྱི་ཞུགས་ལ་བཞེན། ཁྲི་དང་འབུམ་དུ་ཕྱེ་ལ་སངས་པོའི་བཀའ་སྩལ་འཚལ། དེ་ལ་སངས་པོའི་བཀའ་སྩལ་པ། གཞི་དག་པ། ལམ་དག་པའི། འབྲས་བུ་མཐར་ཕྱིན་པ། ཞལ་བསྲོ་བ་སངས་པོའི་གསུངསྷོ། དེ་ལ་གཤེན་རབ་གྱི་ཞུས་པ། སྲིད་པའི་རྒྱལ་པོ་སངས་པོ་ལགས། བསྟན་པའི་དོན་དུ་གསུངས་པའི་གསུང་རབ་ལ། བདག་དགའ་ལྡན་གནས་ན་ཡོད་དུས་སུ། སྲིད་པའི་ཁྱེའུ་ཆུང་ཟུར་ཕུད་ལ། འཕྲུལ་གྱི་ཡིག་སླག་གཏོ་སྒྲོམ་བསྐུར། བོན་གྱི་བསྟན་པ་མཐའ་རྒྱས་མཛད། ཉོན་མོངས་དུག་དང་ཞེས་སྡང་གིས། བཀའ་སྒྲོམ་སྣང་མའི་ཞུགས་ལ་བཞེན། ལྷག་མ་དཔའ་བོ་འབྲུ་ལྔ་ལུས། སྒོ་བཞི་མཛོད་དང་ལྔ་ལས། སྒོ་བཞི་མཛོད་དང་ལྔ་རུ་ཕྱེས། དེ་བསྟན་པ་དེ་ལ་ཁྱེད་ཀྱི་ལྟང་ཕུལ་ཏེ། དེ་ལ་གཤེན་རབ་ཀྱི་ལྟང་ཕུལ་བ། གཏོང་སྒྲོམ་སྣང་མའི་ཞུག་ལ་བཞེན། བྱིན་རླབས་གྱིས་དཔའ་བོ་འབྲུ་ལྔ་ལུས། སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ། ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔར་བྲིས། སངས་པོའི་དྲུང་དུ་བོན་གྱི་ལྟང་ཕུལ་བ། ཡིག་འབྲུ་སུམ་བཅུ་བོན་གྱི་ཁོག་དབུབ་སྟེ། མགོའི་ལམ་དྲང་ཤད་ཀྱི་མདོ་ཡང་བཅད། ཙེག་གིས་པར་ཕྱེ་མི་འཁྲུག་གསལ་རབ་བསྙོམས། གུག་འགྲེང་ན་རོ་ཞབས་སྐྱུ་ཡ་སྟ་ཡིས། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏག དུག་ལྔ་རྩད་བཅད་ཡེ་ཤེས་ལྔ་དང་སྦྱར། ཕྱི་རབས་དོན་དུ་བསྟན་པའི་རྟེན་དུ་བཞག །ཅུང་ཙམ་དབྱེ་བཤག་ཉུང་བའི་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་ལས། འབུམ་དང་ཁྲི་རུ་ཕྱེ་ལ་དབྱེ་བཤག་ལེགས་པ་ཞིག ཕྱི་རབས་དོན་དུ་རྒྱས་པར་མཛད་པར་ཞུས། དེ་སྐད་ཅེས་ཞུས་པས། སྟོང་གསུམ་སྲིད་གསུམ་འདས་མ་འོངས་ཀུན་མཁྱེན་པའི་སངས་པོས་འགྲོ་སེམས་ཅན་དོན་དུ། བོན་སྒོ་བཞི་མཛོད་དང་ལྔ། བཀའི་ནང་དུ་རིག་པས་ཕྱེ་བ་ལ། སྡེ་ལྔ་སོ་སོར་གླེག་བམ་ནང་དུ་སྦམ། རིན་ཆེན་སྣ་ལྔའི་བྲིས་པས་དོན་ཆེད་དུ། དང་པོ་བྱིན་གྱིས་བརླབ་པ་རྣམས་གསུམ་མཛད། མཛད་པས་གཤེར་རབ་དང་། བདེར་གཤེགས་ཀྱི་ཐུགས་རྗེ་ཡིས། སེམས་ཅན་གྱི་བསོད་ནམས་དབང་བརྩན་ནས། སྟེང་འོག་ཕྱོགས་འཚམས་བརྒྱད་ནས། སྐྱེས་བུ་རྫུ་འཕྲུལ་ཐབས་དང་ལྡན་པས། ལ་ལའི་དུང་ཤོག་བསུམ་སྦམས། ལ་ལའི་རིན་ཆེན་གླེག་ཤིང་དྲིལ། ལ་ལས་གཡུའི་སྣག་ཚ་དར་དུ་དྲིལ། གནས་མཆོག་དེ་རུ་ཆར་བཞིན་བབ། ཤེས་རབ་འབྱོར་བའི་ཡིག་མཁན་རྣམས། འདོམ་རེ་གསལ་བའི་འོད་དང་ཆས། རིན་ཆེན་གཞི་སྐུར་སྙུག་གུ་དང་། དྲང་བའི་ཐིག་ཤིང་ལམ་པར་བཅས། གནས་མཆོག་དེ་རུ་ལྷན་གྱི་ཕེབ། དེ་ལ་ཀུན་ཀ་སྤྲོས་བ་སྐྱེས། ཞེས་གསུངས་པ་དང་།
ཡང་དེ་ནས་འཇུག་བྱང་ལས་། ཡིད་གྱི་ཁྱེའུ་ཆུང་ལ་སོགས་པས། འཁོར་ཀྱི་དད་པ་སྐྱེས་ནས། གསུང་རབ་རྒྱས་པར་བཞེངས་ནས། གསས་ཁང་དཀར་ནག་བཀྲ་གསལ་བཞུགས་སོ། དེ་ཡང་སངས་པོ་རྒྱས་པར་ཕྱེས་ནས། ཁྲི་དང་འབུམ་དུ་ཕྱེས། དེ་ནས་བཀའ་ལ་སྔ་བ་སྲིད་པ་སངས་པོ་འབུམ་ཁྲི། གསུང་སྒྲོགས་སྔ་བ་སྟོན་པ་གཤེན་རབ་མི་བོ། ཡོན་བདག་སྔ་བ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། ཞུ་བ་ལ་སྔ་བ་ཡིད་ཀྱི་ཁྱེའུ་ཆུང་། དེ་ལྟར་སངས་པོས་གསུངས་ནས། སྟོན་འཁོར་དང་ཡོན་བདག་ཀུན་ལ་གསུངས་པས། དད་འདུན་ལྡན་པའི་འཁོར་རྣམས་དང་། འབྱོར་ལྡན་ཡོན་བདག་མོས་པའི་བུ། དད་འདུན་མོས་པས་རྒྱུད་བསྐྱེད་ནས། གསུང་རབ་འབྲི་འཆང་གློག་འདོན་ནས། འབྲས་བུ་ཐར་པ་ཐོབ་པར་ངེས། ཅེས་གསུངས་པས། འཁོར་རྣམས་དད་པ་སྐྱེས་ནས། རི་རབ་རིན་པོ་ཆེའི་ལྷོ་ཕྱོགས། རིན་ཆེན་དྲང་པའི་སྤུངས་པ་གླིང་། གསས་ཁང་གཡུང་དྲུང་དགུ་སྐོར་ནང་དུ། སྟོན་པའི་གསུངས་ནས། འཁོར་གྱི་ཞུ་བ་པོ་བརྒྱད་ཀྱི་ཞུས་ཏེ། རིན་པོའི་ཆེ་གླེག་བམ་ལ་སྦས་ནས། དུས་ཁྱད་པར་ཅན་སྟོན་ཟླ་ཐ་ཆུང་གི་ཚེ་བརྒྱད་ལ། ནམ་མཁའ་དྭངས་ཞིང་གཟའ་སྐར་ཚང་། རྩི་ཤིང་རྒྱས་ཞིང་འབྲས་བུ་སྨིན། མེ་ཏོག་རྒྱས་ཞིང་འབྲས་དྲུག་སྨིན། དེ་དུས་རབ་གནས་རབ་ཏུ་བཟང་ནས། ཁམས་བརྒྱད་ཞལ་བསྲོ་བ་ལེགསྷོ། དེ་ནས་སྟོན་པའི་འཁོར་རྣམས་རིམ་པར་བརྒྱུད་ནས། གསང་བ་ངང་རིང་དང་། གཙུག་གཤེན་རྒྱལ་བ་དང་། ཡིད་ཀྱི་ཁྱེའུ་ཆུང་དང་། གཏོའ་བུ་འབུམ་སྲས་དང་། གང་གྷའི་ལྷ་མོ་དང་། དབང་པོ་བརྒྱ་བྱིན་དང་། དེ་རྣམས་ཀྱིས་ཞུས་ནས་བཞེངས་པ་ལེགསྷོ། ༈ དེ་ནས་ཚངས་པ་གཙུག་ཕུད་དང་། སྤང་ལ་ནམ་གཤེན་དང་། ཡོངས་སུ་དག་པ་དང་། རྨ་ལོ་དར་དཔྱང་དང་། མི་ལུས་བསམ་ལེགས་དང་། ཨ་ནུ་འཕྲག་ཐག་དང་། སད་ནེ་ཀ་བུ་དང་། གཤེན་པོ་དགུའི་རིམ་པར་མཛད་པ་ལེགསྷོ། ༈ ལྡེ་གྱིམ་ཙ་རྨ་ཆུང་གི་རིང་ལ། ལྷ་རྒོད་མཐུ་རྩལ་ཅན་རྣམས་བསྟེན་པས། མཐུའི་དྲེགས་པ་དང་ལྡན་པས། རྒྱལ་དྲི་གུམ་བཙད་པོ་གླེན་པ་དང་འགྲས་ནས། འབུམ་སྡེ་རྣམས་ཆེན་པོ་དང་། གསས་མཁར་སེམས་དོན་ཐམས་ཅད། རིན་པོ་ཆེའི་གཏེར་མཛོད་དུ་སྦས་པ་ལེགསྷོ། གཤེན་པོ་རྣམས་སུམ་པ་གླང་གིས་གྱིམ་ཤོད་ན་མར་ལ་གཤེགས་ཏེ། ལེ་ལེ་ཁ་ཨ་མུ་ཁ་ཞེས་བྱ་བ། བདུད་མོ་ལ་བཏབ་པའི་གཏན་ཚིག་མཛད་ནས། ལྷ་རྒོད་དྲག་རྩལ་ཅན་ལ་བསྟབ་པར་དགོང་ནས། གཤེགསྷོ། ༈ ཁ་ལྟག་པར་གཅུ་བ་དང་། བསྙོ་འབོག་དང་། གདོལ་ཐབ་བྱེད་པས་རྒྱུད་ལེགསྷོ། ༈ སྟོན་པའི་བོན་རྣམས་ཡང་། མཁས་པ་མི་གསུམ་གྱི། གསས་མཁར་སེམས་དོན། བོན་སྡེ་ཆེ་བ་གཅིག་མཚོ་རྔས་ཀྱི་བྲག་ཀུ་གེ་རུ་ལ་སྦས་པ་ལགསྷོ། མཁས་པ་མི་གསུམ་གྱི་བོན་སྡེ་སོ་སོར་བསྒོས་ནས། སེ་ཤ་རིའི་མང་མཁར་མདོའ་ཕུག་གིས་བྲག་ལ་སྦས། མེ་ཉག་ནི་རྒྱུང་གིས་སྟ་ཕུགས་གྲོན་ལྷས་ཀྱི་བྲག་ལ་སྦས། ལྡེ་གྱིམ་ཙའི་རྩོང་ནུབ་མའི་བྲག་དཔེ་འདྲ་བ་ལ་སྦསྷོ། ༈ གཤེན་ཕྲན་དང་བོན་ཆེན་རྣམས་ཀྱི་ཀྱང་ཐད་ཀ་ཐད་ཀར་སྦསྷོ། ཤེལ་ཀང་ཀ་རིས་བཀའ་རྟགས་རིན་པོ་ཆེའི་རྒྱས་བཏབ་ནས། བཞགས་པ་ལགསྷོ། བོན་གྱི་ཡང་སྙིང་ཁོལ་དུ་ཕྱུང་བ་རྣམས་ནི། ཁྱེ་ནན་ཡོ་ཕྱ་དང་། ར་སང་ཁོ་རམ་དང་། ཁྱེའུ་དྲན་པ་གསུམ་གྱི་བསྣམ་ནས་ཡར་ལུང་སོག་ཁར་གཤེགསྷོ། གླེག་བམ་ཞལ་བསྲོ་བ་ལ་ལ་། རྒྱས་པར་གླེག་བམ་ཆེན་མོ་ནས་གསལ་ལོ། མཆོད་པ་བྱུང་གཏབ་པ། ཡིག་གེའི་སྒྲ་དོན་གྱི་སྨོན་ལམ་བཏབ་པ་ཀུན་གླེག་བམ་རྒྱས་པ་ནས་ཞིབ་བོ། འདིར་མ་བཀོད་དོ། ཞེས་གསུངས་སོ།
ཨ༔བསྭོ་ཨ་མུ་ཁྱུང་པྲ་ཕུད་བིང་ང་ཉི་རི་བྷ་ར་ཏྲང་འདུ༔ ཨཱོྃ༔བསྭོ་ཨཱོྃ་མུ་ནི་གླང་ཆེན་བིང་ང་ཉི་རི་བྷ་ར་ཏྲང་འདུ༔ ཧཱུྃ༔བསྭོ་ཧཱུྃ་མུ་ཡེ་ཤེ་ཐུན་བིང་ང་ཉི་རི་བྷ་ར་ཏྲང་འདུ༔ རཾ༔བསྭོ་རཾ་མུ་ལམ་རད་ཎ་བིང་ང་ཉི་རི་བྷ་ར་ཏྲང་འདུ༔ ཛ༔བསྭོ་ཛ་མུ་ཡང་ཧ་ར་བིང་ང་ཉི་རི་བྷ་ར་ཏྲང་འདུ༔ ཀ་རྨད་བཞི་བཅུ་དང་དཔའ་བོ་འབྲུ་ལྔའི་གཟུངས། ༄༅།། ࿒ ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཨཱོྃ་ཨེ་ཨི་ཨོ་ཨུ་ཨུ་ཨྱ་ཨྱུ་ཨྲ། ཧ་འ་ཡྃ་ཡྃ་རཾ་རཾ་ཁྃ་ཁྃ་སྲུཾ་སྲུཾ་ཨཱོྃ་ཨཱོྃ། ཡིག་གེ་རྩ་བའི་གཟུངས་སྔགས་ལས། ༼༄༅༽ ཨཱོྃ་དང་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ དང་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ དང་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼༔།༽ ཨཱོྃ་ཤད་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཤད་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཤད་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼་་࿒༽ ཨཱོྃ་ཙེག་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཙེག་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཙེག་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཀ༽ ཨཱོྃ་ཀ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཀ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཀ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཁ༽ ཨཱོྃ་ཁ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཁ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཁ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ག༽ ཨཱོྃ་ག་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ག་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ག་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ང༽ ཨཱོྃ་ང་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ང་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ང་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཅ༽ ཨཱོྃ་ཅ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཅ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཅ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཆ༽ ཨཱོྃ་ཆ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཆ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཆ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཇ༽ ཨཱོྃ་ཇ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཇ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཇ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཉ༽ ཨཱོྃ་ཉ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཉ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཉ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཏ༽ ཨཱོྃ་ཏ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཏ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཏ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཐ༽ ཨཱོྃ་ཐ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཐ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཐ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ད༽ ཨཱོྃ་ད་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ད་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ད་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ན༽ ཨཱོྃ་ན་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ན་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ན་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼པ༽ ཨཱོྃ་པ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ པ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ པ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཕ༽ ཨཱོྃ་ཕ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཕ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཕ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼བ༽ ཨཱོྃ་བ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ བ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ བ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼མ༽ ཨཱོྃ་མ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ མ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ མ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཙ༽ ཨཱོྃ་ཙ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཙ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཙ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཚ༽ ཨཱོྃ་ཚ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཚ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཚ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཛ༽ ཨཱོྃ་ཛ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཛ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཛ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཝ༽ ཨཱོྃ་ཝ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཝ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཝ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཞ༽ ཨཱོྃ་ཞ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཞ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཞ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཟ༽ ཨཱོྃ་ཟ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཟ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཟ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼འ༽ ཨཱོྃ་འ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ འ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ འ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཡ༽ ཨཱོྃ་ཡ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཡ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཡ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ར༽ ཨཱོྃ་ར་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ར་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ར་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ལ༽ ཨཱོྃ་ལ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ལ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ལ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཤ༽ ཨཱོྃ་ཤ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཤ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཤ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ས༽ ཨཱོྃ་ས་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ས་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ས་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཧ༽ ཨཱོྃ་ཧ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཧ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཧ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼ཨ༽ ཨཱོྃ་ཨ་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ ཨ་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ ཨ་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ ༼卍༽ ཨཱོྃ་རྒྱན་སྨི་སྨར་ལ་གུ་དུན་ར་སྣི་ཡེ་སྭཧཱ༔ རྒྱན་དྷི་གུ་གེ་ཕྱོས་སྨི་ཡེ་སྭཧཱ༔ རྒྱན་དྷི་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ༔ གླེག་བམ་རྩ་བའི་གཟུངས་ཀྱིས། བདག་གི་ངག་སྨྲ་བསམ་བརྗོད་ལས་འདས་པ་ཆེན་པོར་གྱུར་ནས། རང་བཞིན་མེད་པའི་གསུང་གི་མངའ་དང་ལྡན་པར་གྱུར་ཅིག །ཅེས་གསུངས་སོ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱས་གྱུར་ཅིག །ཞལ་དྲོ། བྱིན་ཆེ། ཐ་ཚན་མུ་ཙུག་སྨར་རོ།