རྐང་རྗེན་གད་རྒྱངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

གངས་རྒྱལ་ཏི་སེའི་འོད་ལས་འཁྲུངས་བའི་དཀར་བོ་དུང་གི་སྒྲ་ནི་སྙན།།

མ་ཕམ་གཡུ་མཚོའི་རླབས་ཀྱིས་བརླན་པའི་དམར་བོ་སྙིང་གི་མདངས་ནི་མཛེས།།

གཤེན་རབ་མི་བོས་ཐུགས་ལས་འཛུམ་པའི་དབྱངས་གསལ་ཡི་གེ་གཙུག་ན་བརྗིད།།

རྗེན་པར་ལྷགས་པའི་པུར་སྨྱུག་བཙན་པོ་གཤེན་ཤོག་ངོས་ན་ཡང་ཡང་འཕག།

རེབ་གོང་བ་རྐང་རྗེན་ཚང་ལ་ཕེབས་པར་དགའ་བསུ་ཞུ།

སྡོད་གནས། ནུབ་བྱང་།

གླེང་མོལ་ཨང་གྲངས།1433948132

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 9
  • དཔྱད་བརྗོད། 13
  • ཆེམས། 0
  • ཀློག་གྲངས། 4313


 
ཤེའུ་སྨུག་འཐོམས།
[ 2013/9/15 14:34:00 | By: gangjian333 ]
 

       ཤེའུ་སྨུག་འཐོམས།                    

             རྐང་རྗེན།

    སུ་དང་གང་ལའང་བཤད་མི་ཤེས་བའི།  ཡིག་འབྲུ་གང་གིས་ཀྱང་སྟོན་པར་མི་ནུས་པའི།  ཐག་རིང་ན་ཡོད་འདྲའི།   ཐག་ཉེ་ན་ཡོད་འདྲའི།  གམ་ན་ཡོད་འདྲའི།   སྨུག་པ་འདྲ་བའི།   ཡོད་ཡོད་འདྲ་བའི།  མེད་མེད་འདྲ་བའི།   གནམ་ན་ཡོད་འདྲའི།   ས་ལ་འབྱར་འདྲའི།   གང་ཡང་མི་བསམ་པར།   ཅི་ཡང་མི་བསྒྲུབ་པར།  མཁའ་མཐའི་མཚམས་སྤྲིན་ལ་ལག་པ་བསྲིངས་དོན།   སུ་ཞིག་གི་ཡིད་ལ་བརྣག་པའི་གཟུགས་མེད་ཀྱི་རྨ་ཁའི་དོན་ནམ།   ཡང་ན་སུའི་སེམས་ན་གར་ཏུ་རྩེན་པའི་རྐང་ལག་ཀྱོལ་བོ་དེའི་དོན་ཡིན་ནམ།   

    མང་མང་འདྲ་བའི།   ཉུང་ཉུང་འདྲ་བའི།   སྔོ་སྔོ་འདྲ་བའི།   སྐྱ་སྐྱ་འདྲ་བའི།   བཟུང་བ་འདྲ་བའི།   ཤོར་འགྲོ་བ་འདྲ་བའི།   དགའ་སྣང་ཡིན་འདྲའི།   སྡུག་སྣང་ཡིན་འདྲའི།    སྲོག་ལ་འཐམས་པའི་དབུགས་རྒྱུན་གཉོམ་པོ།   གདངས་དབྱངས་ཀྱ་ཀྱུ་ཞིག་གི་ཁུད་ན་སད་ཙམ་སད་ཙམ་བྱེད་དོན།    སྤྲུལ་བའི་དམ་པོ་སུ་ཞིག་གིས་འགྲེལ་ནུས་སམ།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.