རྐང་རྗེན་གད་རྒྱངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
28293031
སྤྱི་བསྒྲགས།

 

གངས་རྒྱལ་ཏི་སེའི་འོད་ལས་འཁྲུངས་བའི་དཀར་བོ་དུང་གི་སྒྲ་ནི་སྙན།།

མ་ཕམ་གཡུ་མཚོའི་རླབས་ཀྱིས་བརླན་པའི་དམར་བོ་སྙིང་གི་མདངས་ནི་མཛེས།།

གཤེན་རབ་མི་བོས་ཐུགས་ལས་འཛུམ་པའི་དབྱངས་གསལ་ཡི་གེ་གཙུག་ན་བརྗིད།།

རྗེན་པར་ལྷགས་པའི་པུར་སྨྱུག་བཙན་པོ་གཤེན་ཤོག་ངོས་ན་ཡང་ཡང་འཕག།

རེབ་གོང་བ་རྐང་རྗེན་ཚང་ལ་ཕེབས་པར་དགའ་བསུ་ཞུ།

སྡོད་གནས། ནུབ་བྱང་།

གླེང་མོལ་ཨང་གྲངས།1433948132

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 9
  • དཔྱད་བརྗོད། 13
  • ཆེམས། 0
  • ཀློག་གྲངས། 4320


 
ལག་གཡུག
[ 2013/7/5 14:07:00 | By: gangjian333 ]
 

    ལག་གཡུག

           རྐངརྗེན།

                    

ཐ་མག་རྐང་གཅིག་ལ་མེ་རུ་བསྒྲོན་ཏེ།

ཁེར་རྐྱང་གི་སེམས་སྒྲར་ཉན་དུས།

རྡུལ་གྱི་རིམ་པར་འཐིམ་ཟིན་པའི་མེ་ཏོག་རྐང་གཅིག་པོ་དེས།

ངང་གིས་གསིག་པའི་འདབ་ལོ་དང་མཛེས་པ་དྲན་འོང་།

 

ཐག་རིང་གི་རི་བའི་མུ་ཁྱུད་ལ་མིག་ཟུང་ཤེད་ཀྱིས་བཙུགས་ཀྱང་།

མེ་ཏོག་གི་གཤོག་ཟུང་བརྐྱངས་པ་འཛིན་མི་ཐུབ་ལ།

དབྱང་རླུང་གི་དབྱིངས་ལ་ཟུག་ཟིན་པའི་དྲི་ཞིམ་དེའང་།

ཀླད་ཀྱི་ནམ་མཁའ་ཇི་བཞིན།

རེག་པས་མ་ནུས།

 

དམར་བོ་དམར་རྐྱང་གི་དཀྱིལ་དབུས་སུ་འགྲེང་བའི་རྣམ་ཤེས་དེས།

ན་ནིང་གི་གྲམ་ཐང་ན།

ཁ་སང་གི་མཚོ་མཐའ་ན།

དེ་རིང་གི་རི་སྒང་ན།

ཐག་རིང་ཐག་རིང་ལ་ལག་གཡུག་བྱེད།

 
 
Re:ལག་གཡུག
[ 2013/7/7 7:11:37 | By: vase ]
 
vaseབཀྲིས་བདེ་ལེགས། མགྲོན་གསར་དུ་སླེབས་ཡོད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.