རྐང་རྗེན་གད་རྒྱངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

གངས་རྒྱལ་ཏི་སེའི་འོད་ལས་འཁྲུངས་བའི་དཀར་བོ་དུང་གི་སྒྲ་ནི་སྙན།།

མ་ཕམ་གཡུ་མཚོའི་རླབས་ཀྱིས་བརླན་པའི་དམར་བོ་སྙིང་གི་མདངས་ནི་མཛེས།།

གཤེན་རབ་མི་བོས་ཐུགས་ལས་འཛུམ་པའི་དབྱངས་གསལ་ཡི་གེ་གཙུག་ན་བརྗིད།།

རྗེན་པར་ལྷགས་པའི་པུར་སྨྱུག་བཙན་པོ་གཤེན་ཤོག་ངོས་ན་ཡང་ཡང་འཕག།

རེབ་གོང་བ་རྐང་རྗེན་ཚང་ལ་ཕེབས་པར་དགའ་བསུ་ཞུ།

སྡོད་གནས། ནུབ་བྱང་།

གླེང་མོལ་ཨང་གྲངས།1433948132

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 9
  • དཔྱད་བརྗོད། 13
  • ཆེམས། 0
  • ཀློག་གྲངས། 4333


 
ཀ་རྩོམ་ཀ་འཁོར་མ།
[ 2013/5/11 21:53:00 | By: gangjian333 ]
 
                        ཀ་རྩོམ་ཀ་འཁོར་མ།

                                                     རྐང་རྗེན།

ཀ༵་ཡེ་ཁ༵་བའི་བུ་མོ་ག༵་ལེར་ང༵་ཡི་གཏམ་ལ་ཉོན་ཅིག་ཉོན།།

ཅ༵་ཅོའི་ཆ༵་ལུགས་ཇ༵་ཆང་ཉ༵་མོར་སྤྱོད་པའི་སྲོལ་ངན་དར་ན་དར།།

ཏ༵་ཡིག་ལྟར་འཁྱོག་ཐ༵་མ་མ་རབས་ད༵་ལྟའི་དུས་འདིར་མང་ན༵་མང་།།

པ༵་སངས་གཤིས་ཡག་ཕ༵་མེས་བསྐྱུར་བ༵་མ་ཁྱོད་རིང་ནས་ཆ་མ༵་ཆད།།

བཙ༵འ་ཆགས་ལྕགས་སེམས་ཚ༵་ཡིས་མ་བཞུས་ཛ༵་དྲག་ཆེ་བཞིན་ཝ༵་མ་ཝར།།

ཞ༵་ཉེའི་གཤིས་ལྟར་ཟ༵་ང་ཟིང་ངེའི་འ༵་ཅག་བོད་མོ་ཡ༵་རེ་མཚར།།

ར༵་བ་གངས་ཀྱི་ལ༵་ལུང་ཀུན་ན་ཤ༵་མོ་ཇི་བཞིན་ས༵་སྟེང་བཀང་།།

ཧ༵་བོ་ཨ༵་མྱེས་མིང་རྫོད་ཧ༵་ན་ཧོན་ནེར་ལུས་པ་ཨ༵་རེ་མཚར།།

ཧ༵་ན་ཧོན་ནེར་མ་འདུག་ཨ༵་མའི་བུ་མོ་ཕྱི་ཡི་གྲོང་ལ་བལྟོས།།

ར༵་མ་ལུག་བཞིན་ལ༵་རྒྱ་མ་འཆོར་ཤ༵་དར་བུ་མོ་ས༵་མཐར་ཉོན།།

ཞ༵་ལའི་ངག་ལ་ལྕགས་ཟྭ༵་མ་རྒྱག་འ༵་ཅག་བུ་མོ་ཡ༵་ར་ལོངས།།

ཙ༵་རིའི་གཟུགས་ཡག་ཚ༵་ཚ་འུར་འུར་ཛ༵་ལང་ཁྲོམ་ནས་ཝ༵་མ་ཝར།།

པ༵་སངས་སྲོལ་ཡག་ཕ༵་རིང་བཟང་བ༵་གཤིས་ཀྱོང་བུ་མོས་མ༵་ནོག་དང་།།

ཏ༵་སྟེའུ་ལྟར་བཀུག་གཤིས་ངན་ཐ༵་མ་ད༵་ནས་བཟུང་དེ་མ་དོར་ན༵།།

ཅ༵་ནེ་ལོས་ཆག་ཆ༵་ཡོད་ཚོས་ཀྱང་ཇ༵་སྡོང་ཇི་བཞིན་ཉ༵་ཉོག་སྣང་།།

ཀ༵་ར་ཁ༵་ཞིམ་ག༵་ལེར་གནོད་འགྲོ་ང༵་ཚོ་ཀུན་པོས་ཤེས་དགོས་ཨང་།།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཀ་རྩོམ་ཀ་འཁོར་མ།
[ 2013/5/12 1:12:52 | By: danzengyixi ]
 
danzengyixi



འདི་འདྲ་འབྲི་ཁག་པོ་ཡོད་ས་གདའ། ངོ་མ་ཧྲ་གི
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.