རྐང་རྗེན་གད་རྒྱངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

གངས་རྒྱལ་ཏི་སེའི་འོད་ལས་འཁྲུངས་བའི་དཀར་བོ་དུང་གི་སྒྲ་ནི་སྙན།།

མ་ཕམ་གཡུ་མཚོའི་རླབས་ཀྱིས་བརླན་པའི་དམར་བོ་སྙིང་གི་མདངས་ནི་མཛེས།།

གཤེན་རབ་མི་བོས་ཐུགས་ལས་འཛུམ་པའི་དབྱངས་གསལ་ཡི་གེ་གཙུག་ན་བརྗིད།།

རྗེན་པར་ལྷགས་པའི་པུར་སྨྱུག་བཙན་པོ་གཤེན་ཤོག་ངོས་ན་ཡང་ཡང་འཕག།

རེབ་གོང་བ་རྐང་རྗེན་ཚང་ལ་ཕེབས་པར་དགའ་བསུ་ཞུ།

སྡོད་གནས། ནུབ་བྱང་།

གླེང་མོལ་ཨང་གྲངས།1433948132

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 9
  • དཔྱད་བརྗོད། 13
  • ཆེམས། 0
  • ཀློག་གྲངས། 4311


 
ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/10 23:08:00 | By: gangjian333 ]
 

ཆུང་ཆུང་ཆུང་གི་གཤོག་པ།

 

     རྐང་རྗེན།

སྤྲོ་བ་ཆུང་ཆུང་ཆུང་ཆུང་གདོང་ན་འཛུམ།།

 དཔེ་ཁུག་ཆུང་ཆུང་ཆུང་ཆུང་རྒྱབ་ན་མཛེས།།

དཔེ་དེབ་ཆུང་ཆུང་ཆུང་ཆུང་ལག་ན་ཡག།

ཀ་ཁའི་གླུ་ཆུང་ཆུང་ཆུང་ངག་ན་སྙན།།

      

སྣབས་ལུག་ཆུང་ཆུང་ཆུང་ཆུང་མཐེ་བོང་འདྲ།།

  ཞྭ་སྨྱུག་ཆུང་ཆུང་ཆུང་ཆུང་ལག་ན་འགུལ།། 

         ཤོག་དཀར་ཆུང་ཆུང་ཆུང་ཆུང་སེམས་ན་སྐྱོམ།།

         ཕུགས་བསམ་ཆུང་ཆུང་ཆུང་ཆུང་བློ་ན་འཕག།

 

ལམ་ཕྲན་ཆུང་ཆུང་ཆུང་ཆུང་རྡོག་གིས་མནན།།

གོམ་པ་ཆུང་ཆུང་ཆུང་ཆུང་གྲོང་ལས་སྤོས།།

སློབ་གྲྭ་ཆུང་ཆུང་ཆུང་ཆུང་གནས་ཚང་ཡིན།།

གྲོགས་ཆུང་ཆུང་ཆུང་ཆུང་སྤུན་གྲོགས་ཡིན།།

 

ཆུང་ཆུང་མིག་ན་ཆུང་ཆུང་འོད་ཞིག་ཡོད།།

  ཆུང་ཆུང་ངག་ན་ཆུང་ཆུང་གཏམ་ཞིག་ཡོད།།

    ཆུང་ཆུང་བློ་ན་ཆུང་ཆུང་ལམ་ཞིག་ཡོད།།

      ཆུང་ཆུང་བློ་ལ་ཆུང་ཆུང་གཤོག་པ་ཐོགས།།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/20 18:58:24 | By: qongsang ]
 
qongsangཐོག་མར་འུ་ཅག་ཐུན་མོང་གི་ཁྱིམ་གཞི། ཧི་བོན་ཚང་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། དེ་ནས་ཐོག་མའི་ལེགས་སྐྱེས་སུ་བསྣམས་པའི་རྩོམ་ཡིག་ཡག་པོ་འདུག་ཟེར་འདོད་བྱུང་། དགེན་ཁྱུང་བཟང་གིས།
 
 
Re:ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/11 17:03:47 | By: སྐུ་མགྲོན་uYPc6F(སྐུ་མགྲོན) ]
 
སྐུ་མགྲོན་uYPc6F(སྐུ་མགྲོན)ཁ་ཕྱོགས་གཅིག་པའི་སྐུ་མགྲོན་བཀྲ་ཤིས་བདེ་ལེགས། མུ་མཐུད་རྩོམ་རིགས་གང་མང་སྤེལ་བའི་བསུ་བ་ཡོད། ཁྱུང་གསེར་ཞུན་ནས།
 
 
Re:ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/11 13:08:50 | By: gangjian333 ]
 
gangjian333སྐུ་མགྲོན་དག་ཕེབས་པར་བསུ་མ་ཡོད། རྐང་རྗེན་ནས།
 
 
Re:ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/11 8:54:48 | By: tibetmonk ]
 
tibetmonkགྲོགས་གསར་ལགས། ངེད་ཚོ་ཐུན་མོང་ལ་དབང་བའི་ཧི་བོན་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཞུ་ཞུ།
 
 
Re:ཆུང་ཆུང་ཆུང་གི་གཤོག་པ།
[ 2013/5/11 0:07:59 | By: danzengyixi ]
 
danzengyixi


གསར་ཕེབས་དྲྭ་གྲོགས་ལགས། ཕེབས་པར་དགའ་བསུ་ཞུ་བ་དང་། མུ་མཐུད་སྙན་རྩོམ་གང་མང་ཡོད་པའི་རེ་ཞུ་བཞིན་ཡོད།
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.