རྐང་རྗེན་གད་རྒྱངས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

 

གངས་རྒྱལ་ཏི་སེའི་འོད་ལས་འཁྲུངས་བའི་དཀར་བོ་དུང་གི་སྒྲ་ནི་སྙན།།

མ་ཕམ་གཡུ་མཚོའི་རླབས་ཀྱིས་བརླན་པའི་དམར་བོ་སྙིང་གི་མདངས་ནི་མཛེས།།

གཤེན་རབ་མི་བོས་ཐུགས་ལས་འཛུམ་པའི་དབྱངས་གསལ་ཡི་གེ་གཙུག་ན་བརྗིད།།

རྗེན་པར་ལྷགས་པའི་པུར་སྨྱུག་བཙན་པོ་གཤེན་ཤོག་ངོས་ན་ཡང་ཡང་འཕག།

རེབ་གོང་བ་རྐང་རྗེན་ཚང་ལ་ཕེབས་པར་དགའ་བསུ་ཞུ།

སྡོད་གནས། ནུབ་བྱང་།

གླེང་མོལ་ཨང་གྲངས།1433948132

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 9
  • དཔྱད་བརྗོད། 13
  • ཆེམས། 0
  • ཀློག་གྲངས། 4332


 
ཟླ་བ་གཞོན་ནུ།
[ 2013/8/26 12:40:00 | By: gangjian333 ]
 

        ཟླ་བ་གཞོན་ནུ།

             རྐང་རྗེན།  

མིག་ཀོང་དུ་འཁྱིལ་བའི་སྐད་ཆའི་དྭངས་མ།

མཆི་མའི་མུ་ཏིག་གི་རྒྱུན་ཐག་ཆད་པ་ནང་བཞིན།

སྐྱ་ཐལ་བའི་མཁུར་མགོ་ན་རྦབ་རྡོ་བཞིན་ཉིལ།

སུའི་སེམས་གཞོང་བརླན་པ་ཡིན་ནམ།

 

དུས་ཚོད་ཀྱི་མདའ་རྩེས་དོད་པའི་གཉེར་མའི་ཡུར་བར།

སུ་ཚང་གི་བུ་ལོའི་འདང་བརྩེ་ཤོང་ངམ།

ཉག་ག་དེར་ལུས་པའི་ལ་གཞས་འཕྲོ་མ།

རྩྭ་མེ་ཏོག་གཉིས་ཀས་བརྩམ་མམ།

 

སྒེའུ་འགྲམ་གྱི་མེ་ཏོག་དམར་བོ་དེས།

སུ་ཞིག་གི་སུའི་ཆེད་དུ།

མཛེས་ཆས་སྣུམ་པོ་ཞིག་སྤྲས་པ་ཡིན་ནམ།

 

མཚེའུ་ངོགས་ཀྱི་ཟླ་བ་གཞོན་ནུ།

ཇི་འདྲར་གཡོས་ཀྱང་མི་དུབ་དོན།

སུས་བླུད་པའི་གསོས་སྨན་དེས་དྲིན་ནམ།

སེམས་པའི་ཐང་དཀྱིལ་ལ་བབས་པའི་ཟླ་བ་གཞོན་ནུ།

གཡོ་འགུལ་མི་མངོན་འདམ་ལ་ཟུག་དོན།

སུའི་སེམས་ལ་དཔྱངས་རྡོ་ཐོགས་སམ།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.