ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།


བྲག་མགོ་ཚེ་དབང་རྒྱལ་མཚན། 

ཟིན་བདག་འབྲེལ་བྱང་།

bontsewang@yahoo.in

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 43
  • དཔྱད་བརྗོད། 120
  • ཆེམས། 0
  • ཀློག་གྲངས། 17741


 
དུས་བཞིའི་རང་མདངས།
[ 2011/10/5 12:42:00 | By: བྲག་མགོ་ཚེ་དབང་། ]
 

དུས་བཞིའི་རང་མདངས།

 #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

དཔྱིད་དུས་ཀྱི་འབྲོག་ཐང་སྐྱ་མོ།།

རླུང་འཚུབ་ཀྱི་ཐལ་སྐྱ་གཡོ་དུས།།

ཤ་ཞེན་གྱི་འབྲི་མོ་འཁྱོལ་འགྲོ།

གནག་རྫི་ཡི་སྐྱོ་སེམས་རིང་མོ།།

 

དབྱར་དུས་ཀྱི་འབྲོག་ས་ཕྱུག་མོ།།

རང་བྱུང་གི་གོས་ལྗང་ཀླུབ་དུས།།

ནོར་ལུག་གི་ཤ་ཤེད་རྒྱས་ཤིང༌།།

གནག་རྫི་ཡི་གླུ་དབྱངས་སྙན་མོ།།

 

སྟོན་རླུང་གི་ལོ་འདབ་འབེབ་དུས།།

སྦྲ་གུར་གྱི་གསང་ཕུགས་ཏེ་ན།།

དཀར་གསུམ་གྱི་སྣོད་ཆས་ལྟེམས་དུས།།

སྦྲ་བདག་ཚོ་དགོད་སྒྲ་ལྷང་ལྷང༌།།

 

དགུན་གཞུང་གི་འཁྱག་རོམ་འཕྱུར་ཞིང༌།།

རྩྭ་ཐང་གི་གོས་དཀར་གྱོན་དུས།།

ཁྱི་སྤྱང་གི་ངུ་སྐད་ཙམ་ལས།།

རི་ཀླུང་ཀུན་མུན་པས་གཡོག་སོང་།།

 

 

 

 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:དུས་བཞིའི་རང་མདངས།
[ 2011/10/9 21:17:21 | By: bontsewang ]
 
bontsewangལེགས་འདེམས་གནང་བར་ཐུགས་རྗེ་ཆེ་ཞུ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.