ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྲིད་པའི་སྒྲོན་མེ་གཟིམས་པའི་རྗེས་དྲན། | 2012/6/18 12:30:00

སྲིད་པའི་སྒྲོན་མེ་གཟིམས་པའི་རྗེས་དྲན།

ནག་ཚུལ་ཁྲིམས་འགྱུར་མེད།  །                                                                                                             

 

རྒྱུད་བརྩེ་སེམས་ཅན་གྱི་ཉི་མ་ཁྱེད། །

ཞལ་བཞིན་སྨུག་འཛུམ་མདངས་ནམ་ཡང་གསལ། །

གསུང་འཇམ་སྙན་དྭངས་བས་འགྲོ་བ་འདུལ། །

མགོན་སྲིད་པའི་སྒྲོན་མེར་ནམ་ཡང་གུས། །

མཁའ་ཉི་མ་སེར་པོ་ནུབ་རིར་གཟིམས། །

ཁྱེད་གློ་བུར་ཞིང་གཞན་དེ་ལྟར་གཤེགས། །

ངེད་བསོད་ནམས་གངས་ཆུ་སྐམ་སོང་ངམ། །

ཡང་གདུལ་ཞིང་རྒྱ་ཆུང་དགོངས་པའམ། །

སྐྱབས་སྲིད་པའི་སྒྲོན་མེ་གླིང་འདི་ནས། །

སྐུ་གཤེགས་པའི་ཉིན་མོ་དུས་ངན་ལ། །

གླིང་འདི་ན་ཟུག་གཟེར་ནད་ངན་འཕྱུར། །

རྗེ་ཁྱེད་ཀྱིས་དགོངས་པས་མ་གཟིགས་སམ། །

བོན་སློབ་གྲོགས་གཅིག་གི་ཞལ་ཁྲོད་ནས། །

མགོན་སྲིད་པའི་སྒྲོན་མེ་གཟིམས་སོང་ཞེས། །

ཚིག་རྩུབ་མོ་རྣ་བས་ཐོས་མ་ཐག །

སེམས་ཐེ་ཚོམ་ཟ་བཞིན་མིག་ཆུ་བཞུར། །

འཚོགས་འདུ་ཁང་གྲལ་དུ་ཕྱིན་པའི་དུས། །

ངེད་སློབ་འབངས་ལུས་པའི་དྭ་ཕྲུག་ཚོས། །

བཀའ་ཚེ་སྨོན་ཀློག་བཞིན་ཧུ་ཤུ་ཤོར། །

སྙིང་དམར་ཆུང་སེམས་པ་འཁྱག་གིས་སྡོམ། །

རྗེའི་འདྲ་དཔར་མིག་ལ་སྣང་བའི་ཚེ། །

དྲིན་ཡིད་ལ་འཁོར་ཞིང་སྐྱོ་བས་གདུང་། །

སེམས་གཏིང་ནས་སྐྱོ་བས་གསོལ་སྨོན་བཏབས། །

ཀྱེ་སྲིད་པའི་སྒྲོན་མེས་མ་དགོངས་སམ། །

ཁྱུང་དཀར་ནག་སེར་གསུམ་གདུང་མཇལ་རྣམས། །

བཞིན་ནག་པོས་ཀྱི་ཧུད་འབྱིན་ཞིང་རྒྱུ། །

གདོང་མཆི་མའི་གྲུ་ཆར་རྒྱུན་མེད་བཞུར། །

སེམས་སྡུག་པའི་རྨ་ཁ་སོས་མེད་བཟོས། །

དགོན་གཞིས་བྱེས་གཉིས་ཀྱི་བླ་གྲྭ་རྣམས། །

ཚོགས་བསོད་ནམས་བསགས་ཕྱིར་མཆོད་སྤྲིན་ཕུལ། །

མ་སྲིད་པའི་རྒྱལ་མོར་འཕྲིན་བཅོལ་སྦྲན། །

མགོན་སྲིད་པའི་སྒྲོན་མེས་མ་མཁྱེན་ནམ། །

རྗེས་ཤུལ་ལུས་དྭ་ཕྲུག་གྲངས་མེད་འདིར། །

སེམས་རེ་བ་སྐོང་ཕྱིར་བརྩེ་སྨོན་མཐུས། །

ཟླ་གྲགས་པ་རིན་ཆེན་ཕུན་ཚོགས་ཁྱེད། །

ཁྱུང་ཞིང་དུ་ཡང་སྲིད་མྱུར་འཁྲུངས་ཤོག།

༢༠༡༢ ༥ ༧ ཀོ་དགོན་རང་ཤག་ཏུ་བྲིས།།

 

Re:སྲིད་པའི་སྒྲོན་མེ་གཟིམས་པའི་རྗེས་དྲན། | 2018/1/15 10:57:26
སྐུ་མགྲོན་NSJu48(སྐུ་མགྲོན)ཡ་ཡ།
རྩོམ་པ་པོ།:སྐུ་མགྲོན་NSJu48(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྲིད་པའི་སྒྲོན་མེ་གཟིམས་པའི་རྗེས་དྲན། | 2012/6/20 14:10:01
danzengyixi


རེད་ཡཱ། ཁྱུང་ཡུལ་གྱི་སྒྲོན་མེ་གཟིམ་པར་སྔ་སོང་། ཡིད་རེ་སྐྱོ།
གདུང་སེམས་མཉམ་སྐྱེ་ལོས་ཡིན།
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.