ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་མ་དྲན་པའི་མིག་ཆུ།། | 2011/6/27 17:18:00

ཨ་མ་དྲན་པའི་མིག་ཆུ།།          ཕྱྭ་ག་བརྩོན་འགྲུས་མཐར་ཕྱིན།།

དམར་སེར་མཚམས་སྤྲིན་གྱི་ཀློང་ནས།།

སྲིད་པའི་སྒྲོན་མེ་དེ་བཞད་ཚེ།།

དགྱེས་འཛུམ་མ་ཡུམ་གྱི་ཞལ་རས།།

དྲན་པའི་རླབས་ཕྲེང་དེ་འཕྱུར་སོང་།།

                          ཆུ་འཛིན་བལ་དཀར་གྱི་འདབ་མ།།

                         བཅོས་མེད་རང་བཞིན་དུ་རྡོལ་ཚེ།།

                         དུང་མདོག་མ་ཡུམ་གྱི་ལན་བུ།།

                         དྲན་པའི་རླུང་བུ་དེ་ལྡང་སོང་།།

ལྗང་མདོག་ལྷ་ཤིང་གི་ཁྲོད་ནས།།

ངག་སྙན་དབྱངས༡་རྟ་རུ་འཐེན་ཚེ།།

བྱམས་ལྡན་མ་ཡུམ་གྱི་བསླབ་བྱ།།

དྲན་པའི་ཆུ་བོ་དེ་བཞུར་སོང་།།

                        འཚོ་བ་དབུལ་པོ་ཡི་ཁྲོད་ནས།།

                        བཀྲེན་པའི་སྡུག་བསྔལ་དེ་མྱོང་དུས།། 

                        བརྩེ་ལྡན་མ་ཡུམ་གྱི་ཕྱག་ཟས།། 

                         དྲན་པའི་མེ་དཔུང་དེ་འབར་སོང་།།

རང་ལུས་པད་དཀར་གྱི་འདབ་མ།།

གྲང་ལྷག་བཙན་པོ་ཡིས་བཅིང་དུས།།

ཡིད་སེམས་ཐོག་མེད་ཀྱི་རླུང་བུ་།།

ཨ་མའི་མདུན་ཕྱོགས་སུ་ཆས་སོང་།།

                          ཡུན་ཐུང་འཕྲད་པ་ཡིས་སྤྲོ་སྣང་།།

                           འཛུམ་དཀར་པད་མ་དེ་བཞད་ཀྱང་།།

                           བྲལ་ཁའི་སྨོན་སེམས་ཀྱི་ལྷ་དར།། 

                           དབང་མེད་མཆི་མ་ཡིས་བརླན་སོང་།།

དམར་སེར་འདུས་སྡེ་ཡི་གྲལ་དུ།།

བཅུ་རིག་འཚོ་བ་དེ་རོལ་བཞིན།།

ཐུགས་སྨོན་འགྱུར་མེད་ཀྱི་ལྷ་དར།།

ཨ་མའི་ཞབས་རྟེན་དུ་ཕུལ་ཡོད།།

                         རི་ཆུ་སྟོང་ཕྲག་ལས་བརྒལ་བའི།།

                        བུ་ཆུང་འཁྱམས་པོ་ངའི་ལས་དབང་།།

                        སྨྱུག་རྩེར་མིག་ཆུ་ཡིས་བརླན་བཞིན།།

                        སོར་རྩེ་དབང་མེད་དུ་ཐོར་སོང་།།

         

Re:ཨ་མ་དྲན་པའི་མིག་ཆུ།། | 2011/9/15 12:48:22
སྐུ་མགྲོན་Hlc5FS(སྐུ་མགྲོན)ཁྱེད་ཀྱིས་དྲྭ་གྲོགས་ཞེས་པ་དེ།གྭྲ་པའི་གྲྭ་བྲིས་འདུག་ངས་དྭྲ་གྲོགས་ཞེས་འབོད་དགོས་པའི་རྒྱུ་མཚན་དྲྭ་བའི་རྒྱུད་ནས་འབྲེལ་བ་ཡོད་དུས་དྭྲ་གྲོགས་ཞེས་བྲིས་པ་ལགས།།
རྩོམ་པ་པོ།:སྐུ་མགྲོན་Hlc5FS(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཨ་མ་དྲན་པའི་མིག་ཆུ།། | 2011/9/2 18:14:37
༣༥༤༣༥༤༥༦༥(སྐུ་མགྲོན)གྲྭ་གྲོགས་ཞེས་པ་དེ་ཡང་ནོར་འདུག
རྩོམ་པ་པོ།:༣༥༤༣༥༤༥༦༥(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཨ་མ་དྲན་པའི་མིག་ཆུ།། | 2011/8/16 0:30:24
སྐུ་མགྲོན་1IYl1P(སྐུ་མགྲོན)དྲྭ་གྲོགས་བརྩོན་འགྲུས་ལགས།ཨ་མ་དྲན་པའི་མིག་ཆུ་ཞེས་བྲིས་པ་དེའི་ནང་དབྱངས་རྟ་ཞེས་པའི་དབྱངས་དང་འཁྱམས་པོ་ཞེས་འཁྱམས་དེ་གཉིས་ནོར་འདུག་བསམ་བྱྭང་ཡང་ན་ང་རང་གི་མིག་འཁྲྭལ་ པ་མ་ཡིན་ནམ། མི་འཁྱམས་ཤིག་གིས།
གཤམ་དུ་Drnchar་ལགས་ཀྱིས་ལན་སློག་པ་ནི་
འོ་ལགས་སོ་བཀའ་དྲིན་ཆེ།།
རྩོམ་པ་པོ།:སྐུ་མགྲོན་1IYl1P(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.