གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
ཕྱྭ་ག་བརྩོན་འགྲུས་མཐར་ཕྱིན།།
སྦྲ་ནག་གྲུ་བཞིའི་བདག་པོ།།
ལང་ཚོའི་མེ་ཏོག་བཞད་པའི།།
དུས་རབས་བུ་དང་བུ་མོ།།
སྙན་པའི་གླུ་འདི་གསོན་དང་།།
ལོ་རྒྱུས་འབུམ་གྱི་ཐོག་མ།།
རྒྱལ་བསྟན་སྲིད་པའི་སྒྲོན་མེ།།
འུ་ཅག་སྙིང་ནོར་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
ཟླ་མེད་མེས་པོའི་སྲོལ་བཟང་།།
སྐད་དང་ཡིག་གེ་གཙང་མ།།
འུ་ཅག་ཚེ་སྲོག་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
ཕུ་ནུ་བརྩེ་བའི་བར་དུ།།
དམེ་འཁྲུག་ཁྲག་གི་འཁོར་ལོ།
ང་ཚོའི་ངོ་ཚ་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
མཛེས་སྡུག་དཔལ་གྱིས་ཕྱུག་པའི།།
གངས་ལྗོངས་གཡང་གི་རྭ་བ།།
འུ་ཅག་ཕ་ཁྱིམ་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
བཅུ་རིག་འོ་མའི་མཚོ་མོ།།
ངོམས་མེད་ལོངས་སུ་སྤྱོད་པ།།
འུ་ཅག་འོས་འགན་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
ཞིམ་མངར་དྲི་ངད་ལྡང་པའི།།
བཅུད་ལྡན་སྦྲང་དཀར་རྩམ་པ།།
ང་ཚོའི་ཕ་ཟས་ཡིན་པ།།
གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
ཆོ ས་སྲིད་ཉི་ཟླ་ཟུང་གི།
རླབས་རིས་འོད་སྟོང་ཁྲོད་ནས།།
ང་ཚོའི་མདུན་ལམ་ཡོད་པ།།
- ཟིན་ཐོ་གོང་མ།ཕྱི་མིག་གཅིག་གི་ཁ་གདའ།
- ཟིན་ཐོ་འོག་མ།ཁྱེད་ཚ་ཞང་རྣམ་གཉིས་ཕེབས་དོན་དེ་ཅི་ཞིག།