༄༅།།དུས་ཚོད་ཀྱི་ཕངས་སྒྲ་ལན་གཅིག་ཤོར་བ།།
ལྷིང་ཞིང་འཇགས་ལ་སྐྱིད་པའི་ཉམས་ལྡན་པ།།
སྤྲོ་བས་ཁེངས་པའི་ཡིག་སློབ་ར་བ་འདིར།།
རིག་གནས་འདོད་འཇོའི་བ་མོ་བཞོ་མཛད་མཁན།།
ལས་སྐལ་འཕྲད་ལ་སུ་ཡིས་བསྙོན་དུ་མེད།།
འཛིན་གྲྭའི་ཀྲུའུ་རེན་དམ་པའི་ཐུགས་ཁུར་གྱིས།།
སྔོན་ནསབཤད་པའི་སློབ་མཇུག་ཡིག་ཚད་དེ།།
མི་འགྱངས་མྱུར་དུ་རན་པའི་དུས་འདུག་ཅེས།།
གསུང་གི་གནང་བ་སླར་ཡང་རྣ་བས་ཐོས།།
དུས་ཀྱི་རྟ་ཕོ་འདུལ་དུ་རྒྱུ་བ་ལ།།
དྲ་ཁང་ལ་སོགས་ལྕག་ཀྱིས་ལེགས་གྲབས་པས།།
སློབ་ལ་སྤྱོད་པའི་དུས་ཚོད་ཤིག་ཙམ་དེ།།
མ་འཆའ་གྱུར་མྱིད་བྱས་པས་ཕངས་བ་ལ།།
དཀར་དཀར་གངས་རི་བོད་ཀྱི་ཡིག་རྒྱུག་དང་།།
ནག་ནག་ཙི་ནའི་ཡིག་རྒྱུག་དེ་དང་ནི།།
སེར་སེར་དབྱིན་ཇིའི་ཡིག་རྒྱུག་ལེན་དགོས་པས།།
སྨུག་སྨུག་རང་སེམས་མདོག་ཁ་འགྱུར་ལ་རན།།
སྣ་མང་སློབ་རའི་ཡིག་ཚད་མ་ལོན་ན།།
མཚན་ལྡན་བཤེས་གཉེན་མདུན་ན་བཅར་ཐབས་བྲལ།།
མཆེད་གྲོགས་དམ་པའི་སྔུན་ན་ངོ་སོ་དམའ།།
དྲིན་ཅན་ཨ་མའི་གཏམ་ལན་ངས་མི་འཁྱོལ།།
སྔར་ནས་གྲགས་པའི་ཡིག་རྒྱུག་གཡེར་པོ་ཆེ།།
དངོས་སུ་བླང་པའི་དུས་ནི་འདི་ལྟ་སྟེ།།
ཁ་ནས་ཨཱ་ཡ་སྣ་ནས་ཤུས་ཤུས་སྒྲས།།
ད་གཟོད་དུས་ཚོད་ཕངས་པའི་ཕངས་སྒྲ་ཤོར།།