སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།
[ 2011/6/24 20:16:00 | By: CRZB ]
 

 ༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།

རང་གི་གཡང་ཁྱིམ་གྲུ་བཞིའི་ཐབ་རྩ་རུ་བསྡད་དེ།།
རང་གི་ཕ་མའི་ལྷན་དུ་བདེ་སྐྱིད་ཀྱི་འཚོ་བ།།
རང་རང་གང་དགོས་ལོངས་སྤྱོད་ཉམས་སྣང་དེ་འཆར་ཚེ།།
རང་དབང་རང་ལག་ཡོད་པའི་སྐྱིད་སྣང་དེ་རྟོགས་བྱུང་།།

དབང་མེད་གནས་ལ་འགྲིམས་པའི་ཉི་མ་དེའི་ཕྱིན་ཆད།།
དབང་ཆེན་གནས་འགྲོའི་ཕྱོགས་ཀྱི་མ་རྒན་དང་སྲིང་མོས།།
དབང་མེད་བདག་ལ་འཇིགས་པོ་བཀྲེས་སྐོམ་གྱི་སྡུག་བསྔལ།།
དབང་ཡོད་དབང་མེད་དབང་གིས་མྱོང་དགོས་དེ་སྐྱོ་བ།།

མི་དགོས་པ་རྣམས་དགོས་པའི་རྒྱུ་མཚན་རེ་དྲངས་ཏེ།།
མི་ལེགས་ཟེར་བའི་རྟག་པར་རྙོག་གཏམ་རང་བཤད་ལ།
མི་ཤེས་དོན་ཆུང་ཙམ་ལ་རྡུང་རྡེགས་ཀྱིས་བསྐུལ་བ།།
མི་ལུས་རིན་ཆེན་ཐོབ་ཀྱང་ཉམས་ཆུང་བདག་དོན་ཆུང་།།

འདུག་པའི་བློ་ནི་མཁའ་ཡི་ཉི་སྐར་བཞིན་དཀོན་ཡང་།།
འདུག་པ་ལས་གཞན་རང་དབང་སྒོ་ཁྱི་ལྟར་དབེན་འདུག།
འདུག་པའི་གནས་འདིར་འགྲོའི་སྡུག་བསྔལ་ལྟར་མྱོང་བས།།
འདུག་དགོས་མེད་པའི་རེ་སྨོན་དཀོན་མཆོག་ལ་བཅོལ་ཡོད།།

 
 
Re:༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།
[ 2011/6/25 21:51:28 | By: crzb ]
 
crzbབསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ། མི་འདང་ནོངས་པའི་ཆ་ལ་འཛེམས་མེད་ངང་གསུངས་རོགས།
 
 
Re:༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།
[ 2011/6/25 19:08:44 | By: danzengyixi ]
 
danzengyixiརྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ལེགས་པོ་བྱུང་འདུག་སྙམ།
མུ་མཐུད་ནས་ཤུགས་རེ་བྱོས་ཤོག །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.