སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།
[ 2011/6/8 15:34:00 | By: CRZB ]
 

༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།

           ལོ་གསུམ་ལོ་ལ་རོལ་བའི་ཤེས་བྱ་དག།
           སློབ་ཁང་རྒྱུག་ར་གྲུ་བཞིའི་ཚལ་ཡངས་པོར།
           དཀར་འཇམ་ཤོག་བུའི་སྟེང་དུ་མ་བཀོད་ན།
           སློབ་དཔོན་དྲིན་གྱིས་བསྐྱངས་ཀྱང་དོན་གོ་ཆུང་།
           
           ལོ་གསུམ་ལོ་ཡི་དཀའ་ངལ་སྐྱིད་སྡུག་ཀུན།
           བཟོད་གསུམ་ཕྲག་གིས་ཡང་ཡང་འདེགས་བྱེད་པའི།
           དྲིན་ཅན་མ་ལོའི་ཐུགས་ཀྱི་རེ་བ་བཞིན་།
           མ་འགྲུབ་པས་ན་ཁྱོད་ཅིད་དོན་གོ་ཆུང་།
          
           ལོ་གསུམ་སྔོན་ལ་སྐྱེས་པའི་ནུ་བོ་དེས།
           དགུན་གསུམ་གུང་སེང་ལྷན་དུ་འཛོམས་པའི་ཚེ།
           ཚིག་གསུམ་སེམས་ནས་བཞུར་བའི་གཏམ་དྲོན་མོར།
          ཡ་ཆུང་སེམས་ལ་མ་བཞག་དོན་གོ་ཆུང་།
          
           ལོ་གསུམ་རིང་ཡང་བརྩེ་བ་མི་གློད་ཅིང་།
           གཏམ་གསུམ་སྡིགས་ལ་དམོད་པ་མི་བྱེད་དེ།
           གྲོས་གསུམ་བགྲོས་ལ་མཁས་པའི་མཛའ་མོ་སྟེ།
           སྒོ་གསུམ་དད་པ་དེ་ཡང་དོན་གོ་ཆུང་།

 
 
Re:༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།
[ 2011/6/19 0:46:43 | By: qqbch ]
 
qqbchཡག་པོ་འདུག
 
 
Re:༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།
[ 2011/6/19 0:45:11 | By: qqbch ]
 
qqbchཡག་པོ་འདུག
 
 
Re:༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།
[ 2011/6/17 19:30:04 | By: danzengyixi ]
 
danzengyixi

སྤུན་གྲོགས་ཁྱུང་པོ་བ་ཚེ་རིང་གྲགས་པ་ལགས། །
ཁྱོད་ནི་ཁྱུང་ཕྲུག་་ང་ཚོས་དམིག་དཔེ་འོས་ས། །
མུ་མཐུད་ནས་ཤེས་རིག་གི་ལམ་ཆེན་ཐོ་ནས། །
ཆད་རྒྱུན་མེད་པར་དལ་འགྲོ་བཞིན་བསྐྱོད་ནས། །
ཤེས་རིག་གི་བག་མར་བསུ་བ་ལ་བྲེལ་རོགས། །

འོ་རེད་གོང་གི་ཁྱོད་ཀྱི་སྦྱར་བྱང་ནང་ཁྱོད་ཅིད་ཞེས་པའི་ཅིད་དེ་
བཏགས་ནོར་ཤོར་མིན་འགྲོ་སྙམ། །
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.