མྱོང་བ་གྲུབ་པའི་རྩེན་ས།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
2627282930
སྤྱི་བསྒྲགས།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 3
  • དཔྱད་བརྗོད། 16
  • ཆེམས། 0
  • ཀློག་གྲངས། 7459


 
༄༅།།    ལྟ་བ་གསར་པ་མ་རྙེད་ན་ཅི་མི་སྡུག་
[ 2011/6/26 21:36:00 | By: CRZB ]
 

   ༄༅།།    ལྟ་བ་གསར་པ་མ་རྙེད་ན་ཅི་མི་སྡུག་
ལྟ་བ་གསར་པ་
བཤད་སྲོལ་དུ་སྔོན་ཐོན་གྱི་རྒྱལ་པོ་
རྗེས་ལུས་ཀྱི་དགྲ་བོ་
དེ་ཕྱིར་
ངས་ཁྱོད་ཉིད་བཙལ་འདོད་
ཡིན་ཀྱང་
བཙལ་བྱ་མཐོང་ཆོས་སུ་གྱུར་ན་
ངས་ལོས་རྙེད་
ཅི་ལ་མི་རྙེད་
ངའི་གཟུགས་འཛིན་དབང་པོ་གསལ་ཐང་ཡིན་
སྐྱོ་དགོས་པ་ཞིག་ལ་
རེག་ཡུལ་དུའང་དེ་མ་གྱུར་
དེ་མིན་
ངའི་ལག་པ་གཉིས་ཀྱིས་དམ་པོར་འཁྱུད་
གཏན་གྲོགས་སུ་ཉར་
ང་ཡང་སྔོན་ཐོན་པ་རྐྱང་རྐྱང་བྱེད་
འོན་ཏེ་
འདོད་ཐོགས་ཏུ་རྟ་མི་རྒྱུག་
ཨ་ལ་ལ་
ངས་སྟོང་བསམ་མི་སྟོང་
ང་རྨི་ལམ་མི་རྨིས་
ང་མི་འཁྲུལ་
དེ་བས་རང་སེམས་བཏང་སྙོམས་སུ་བཞག་ན་
ལུས་དལ་
སེམས་ལྷོད་
དུག་ལྔའི་ཆ་འང་འབྲི་
གསོན་པོར་འགྲོགས་བདེ་
ཕྱི་མར་ཤི་བདེ་
དེ་ལས་དགའ་བ་ཅི་ཡོད་

 

 


 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.