སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཀ་རྩོམ།
[ 2014/3/5 18:14:00 | By: CRZB ]
 

ཀ་རྩོམ།

ཀ་ལི་སུམ་ཅུ་ཐམ་པ་དེ།།


……
 
 
༄༅།།ཕལ་ཆེར་ཡོད་ཚོད་རེད།།
[ 2011/7/1 16:50:00 | By: CRZB ]
 

༄༅།།ཕལ་ཆེར་ཡོད་ཚོད་རེད།།
བྱིས་པ་ངེས་མེད་འཁྱམས་པ་འདི།།
འཁྱམས་དགོས་ལས་ལ་ཐུག་ནའང་།།
མི་འདུག་རང་ཡུལ་འོང་བ་ན།།
ཨ་མས་བསུ་བ་ཡོད་ཚོད་རེད།།

དར་མ་ཆ་མེད་རྒྱུ་བ་འདི།།
རྒྱུ་དགོས་ལས་ལ་ཐུག་ནའང་།།
མི་འདུག་རང་ཡུལ་འོང་བ་ན།།
མཛེས་མའི་བསུ་བ་ཡོད་ཚོད་རེད།།

རྒན་པ་རྒྱུས་མེད་འགྲིམས་པ་འདི།།
འགྲིམས་དགོས་ལས་ལ་ཐུག་ནའང་།།
མི་འདུག་རང་ཡུལ་འོང་བ་ན་
བུ་ཚས་བསུ་བ་ཡོད་ཚོད་རེད།།

 
 
༄༅།།དུས་ཚོད་ཀྱི་ཕངས་སྒྲ་ལན་གཅིག་ཤོར་བ།།
[ 2011/7/1 15:54:00 | By: CRZB ]
 

༄༅།།དུས་ཚོད་ཀྱི་ཕངས་སྒྲ་ལན་གཅིག་ཤོར་བ།།


ལྷིང་ཞིང་འཇགས་ལ་སྐྱིད་པའི་ཉམས་ལྡན་པ།།
སྤྲོ་བས་ཁེངས་པའི་ཡིག་སློབ་ར་བ་འདིར།།
རིག་གནས་འདོད་འཇོའི་བ་མོ་བཞོ་མཛད་མཁན།།
ལས་སྐལ་འཕྲད་ལ་སུ་ཡིས་བསྙོན་དུ་མེད།།


འཛིན་གྲྭའི་ཀྲུའུ་རེན་དམ་པའི་ཐུགས་ཁུར་གྱིས།།
སྔོན་ནསབཤད་པའི་སློབ་མཇུག་ཡིག་ཚད་དེ།།
མི་འགྱངས་མྱུར་དུ་རན་པའི་དུས་འདུག་ཅེས།།
གསུང་གི་གནང་བ་སླར་ཡང་རྣ་བས་ཐོས།།


……
 
 
༄༅།། ཁྱུང་པོའི་རི་བོ་རྩེ་དྲུག།།
[ 2011/6/28 13:38:00 | By: CRZB ]
 

༄༅།། ཁྱུང་པོའི་རི་བོ་རྩེ་དྲུག།།\


གཤེན་གྱི་ཞབས་ཀྱིས་བཅགས་པའི་གངས་ཅན་ལྗོངས།།
ལྷག་ཏུ་འདུལ་དྲུག་ཚུལ་དུ་བྱིན་རླབས་པའི།།
རྔུལ་རྫ་སྒང་གི་སུམ་གླང་གྱིམ་ཤོད་གནས།།
ཁྱུང་པོའི་རི་བོ་རྩེ་དྲུག་མངོན་པར་འཕགས།།


……
 
 
༄༅།།    ལྟ་བ་གསར་པ་མ་རྙེད་ན་ཅི་མི་སྡུག་
[ 2011/6/26 21:36:00 | By: CRZB ]
 

   ༄༅།།    ལྟ་བ་གསར་པ་མ་རྙེད་ན་ཅི་མི་སྡུག་
ལྟ་བ་གསར་པ་
བཤད་སྲོལ་དུ་སྔོན་ཐོན་གྱི་རྒྱལ་པོ་
རྗེས་ལུས་ཀྱི་དགྲ་བོ་
དེ་ཕྱིར་
ངས་ཁྱོད་ཉིད་བཙལ་འདོད་
ཡིན་ཀྱང་
བཙལ་བྱ་མཐོང་ཆོས་སུ་གྱུར་ན་
ངས་ལོས་རྙེད་
ཅི་ལ་མི་རྙེད་
ངའི་གཟུགས་འཛིན་དབང་པོ་གསལ་ཐང་ཡིན་
སྐྱོ་དགོས་པ་ཞིག་ལ་
རེག་ཡུལ་དུའང་དེ་མ་གྱུར་
དེ་མིན་
ངའི་ལག་པ་གཉིས་ཀྱིས་དམ་པོར་འཁྱུད་
གཏན་གྲོགས་སུ་ཉར་
ང་ཡང་སྔོན་ཐོན་པ་རྐྱང་རྐྱང་བྱེད་
འོན་ཏེ་
འདོད་ཐོགས་ཏུ་རྟ་མི་རྒྱུག་
ཨ་ལ་ལ་
ངས་སྟོང་བསམ་མི་སྟོང་
ང་རྨི་ལམ་མི་རྨིས་
ང་མི་འཁྲུལ་
དེ་བས་རང་སེམས་བཏང་སྙོམས་སུ་བཞག་ན་
ལུས
……

 
 
༄༅།།   གསེར་མདོའི་གཡས་གཡོན་ནས་འབབ་པའི་ཆུ་བོ་གཉིས།།
[ 2011/6/25 21:35:00 | By: CRZB ]
 

༄༅།།   གསེར་མདོའི་གཡས་གཡོན་ནས་འབབ་པའི་ཆུ་བོ་གཉིས།།
གསེར་ལས་གྲུབ་པའི་རིན་ཆེན་རི་བོ་ལ།།
གཡུ་ཡི་གོས་ཆེན་བཀླུབས་པའི་ལུང་པ་མདོར།།
གནས་པའི་རྒན་དང་བྱིས་པ་དར་མ་ལ།།
ཆུ་བོ་གཉིས་ཀྱིས་མཚོན་པར་བྱེད་པའོ།།

གཡས་ན་འབབ་པའི་ག་ཆུ་སྔོ་མོ་ཡི།།
འབབ་སྒྲ་རྣ་ལ་སྙན་ཞིང་འཇེབས་པ་འདིས།།
སྐྱེས་བུའི་ཚོགས་རྣམས་ཡིད་དང་རབ་འབྱེད་པའི།།
ཡུལ་འདིའི་མཛེས་མའི་ཁ་ལག་འཇམ་པའི་རྟགས།།


……
 
 
༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།
[ 2011/6/24 20:16:00 | By: CRZB ]
 

 ༄༅།།  ཉམས་ཆུང་གནའ་མ་འགའི་ལས་དབང་།།

རང་གི་གཡང་ཁྱིམ་གྲུ་བཞིའི་ཐབ་རྩ་རུ་བསྡད་དེ།།
རང་གི་ཕ་མའི་ལྷན་དུ་བདེ་སྐྱིད་ཀྱི་འཚོ་བ།།
རང་རང་གང་དགོས་ལོངས་སྤྱོད་ཉམས་སྣང་དེ་འཆར་ཚེ།།
རང་དབང་རང་ལག་ཡོད་པའི་སྐྱིད་སྣང་དེ་རྟོགས་བྱུང་།།

དབང་མེད་གནས་ལ་འགྲིམས་པའི་ཉི་མ་དེའི་ཕྱིན་ཆད།།
དབང་ཆེན་གནས་འགྲོའི་ཕྱོགས་ཀྱི་མ་རྒན་དང་སྲིང་མོས།།
དབང་མེད་བདག་ལ་འཇིགས་པོ་བཀྲེས་སྐོམ་གྱི་སྡུག་བསྔལ།།
དབང་ཡོད་དབང་མེད་དབང་གིས་མྱོང་དགོས་དེ་སྐྱོ་བ།།


……
 
 
༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།
[ 2011/6/8 15:34:00 | By: CRZB ]
 

༄༅།།  སློབ་འབྲིང་ཐོན་ལ་ཉེ་བའི་གཅུང་པོར་ཕུལ་བའི་འཕྲིན་ཡིག།

           ལོ་གསུམ་ལོ་ལ་རོལ་བའི་ཤེས་བྱ་དག།
           སློབ་ཁང་རྒྱུག་ར་གྲུ་བཞིའི་ཚལ་ཡངས་པོར།
           དཀར་འཇམ་ཤོག་བུའི་སྟེང་དུ་མ་བཀོད་ན།
           སློབ་དཔོན་དྲིན་གྱིས་བསྐྱངས་ཀྱང་དོན་གོ་ཆུང་།
           
        &n
……

 
 
༄༅།།དཔྱིད་དུས་ཀྱི་ཉིན་ཞིག།
[ 2011/5/31 21:56:00 | By: CRZB ]
 
          ༄༅།།དཔྱིད་དུས་ཀྱི་ཉིན་ཞིག།
ཕྲ་མོའི་ལྕགས་ཀྱིས་སྒྲོམ་གཞི་བཟོས་པ་ལ་སོ་ཕག་གི་བང་རིམ་བསྒྲིགས་ཏེ་ཨར་འདམ་རློན་པས་འདག་ཞར་བྱས་པའི་སློབ་ཁང་ཞིག་ན།     ལྷག་བསམ་དཀར་ཞིང་མཁྱེན་དཔྱོད་ཡངས་པའི་བཤེས་གཉེན་ཞིག་གི་ཤེས་བྱ་བདུད་རྩིའི་རོ་ལ་སྐར་མ་དྲུག་ཅུའི་འཁོར་ལོ་གཉིས་ཙམ་རོལ་རྗེས།       དགེ་སློབ་ཚང་མ་རེ་ཞིག་ངལ་གསོའི་གནས་སུ་གྱུར་ཏེ་ལྷིང་འཇག་ངང་གནས།     སྐབས་དེར་སྒེའུ་ཁུང་གི་ཕྱི་རོལ་ནས་ཀྲབ་ཀྲབ་ཀྱི་ཆར་པ་འབབ་པའི་འབེབས་སྒྲ་ཐོས་ལ་ཤག་ཤག་གི་ཝ་ཆུ་རྒྱུག་པའི་རྒྱུག་སྒྲའང་ཐོས།     དེ་
……
 
 
༄༅།།  གངས་རི་དཀར་པོ།
[ 2011/5/29 21:23:00 | By: CRZB ]
 
གངས་རི་དཀར་པོ་ཁྱེད་ནི་མི་རིགས་རང་སྤོབས་པར་འོས་པའི་གཟི་བརྗིད་ཅན་ཞིག་དང་།  མིག་དཔེར་འོས་པའི་སྔོན་ཐོན་ཅན།  སྐྱབས་སུ་གཞུག་པའི་དད་རྟེན་ཅན་ སོགས་ཡིན་ཟེར་ན་མི་ཆོག་པ་མེད་སྙམས།   རྒྱུ་མཚན་ནི་དགུན་གྲང་ངར།  དབྱར་ཆར་ཞོད།   དཔྱིད་ཚ་གདུང་།  སྟོན་སེར་རྒོད་སོགས་གནོད་བྱེད་ཀྱི་ཐབས་ཇི་ལྟ་  བུའི་སྒོ་ནས་གཙེས་ཀྱང་།  ཁྱེད་ཀྱི་སེམས།  ཁྱེད་ཀྱི་ལུས།  ཁྱེད་ཀྱི་མདངས་སོགས་ཇེ་བརྟན་དང་ཇེ་རྒྱས་ཇེ་ལེགས་སུ་གྱུར་པས།   གསར་སྐྱེས་ངས་ཁྱེད་ལ་འབྲི་འདོད་  པའི་སྙན་ཚིག་དང་།  བསྟོད་འདོད་པའི་རྒྱལ་གླུ།  ཡིད་འདོད་པའི་བསམ་དཀར་  སོགས་བདག་གི་ཡན་ལག་གི་རྩེ
……
 
 
ཐོག་ངོས། གོང་ངོས། འོག་ངོས། མཐའ་ངོས། ངོས་གྲངས། 1/2ངོས།  10ཟིན་ཐོ/ངོས། ངོས་
Powered by Oblog.