སྟོང་ཆོས་རྒྱ་ཐང་ལྷ་ཁང་གི་ངོ་སྤྲོད། རྩོམ་འདི་ཁྲི་ཀའི་རིག་གནས་ལོ་རྒྱུས་ཅེས་པ་ལས་བཤུས།
ཁྲི་ཀ་རྫོང་གི་ལྷོ་ནུབ་ཀྱི་མཚམས་རྫོང་མཁར་ནས་སྤྱི་ལེ་བཅོ་ལྔའི་མཚམས་ཀྱི་
མཆོག་པོ་སྒང་གི་རྩ་རུ་གནས་ཡོད། རྫོང་མཁར་ནས་ཞིན་ཇི་བར་གྱི་ལམ་ཆེན་ཡང་
ལྷ་ཁང་གི་མདུན་ཕྱོགས་སུ་ཡོད་ལ་ལམ་ཆེན་འདི་མང་བྱ་སོགས་ཀྱི་འགྲིམ་འགྲུལ་
ལམ་ཐག་གཙོ་བོ་ཞིག་ཡིན། ལྷ་ཁང་འདི་ཐོག་མ་སྤྱི་ལོ་༡༣༧༩ལོར་བོན་སྲོག་བཙན་
སྟོན་པ་ཡེ་ཤེས་རྒྱལ་མཚན་དང་སྐབས་དེའི་སྟོང་ཆོས་དཔོན་པོ་ཧོར་ཅོག་པད་མ་
རྒྱལ་གཉིས་གཙོ་བྱས་ནས་བཞེངས་བ་ཡིན་ལ། ད་བར་དུ་ལོ་ངོ་བདུན་བརྒྱ་ལྷག་
འགོར། སོ་ཕག་དང་ཤིང་ལས་གྲུབ་པའི་འདུ་ཁང་སོགས་གྱེན་ཉེར་བཞི་ཡོད་ལ་
འདུ་ཁང་ནང་བཟོས་བ་ཧ་ཅང་ལེགས་པའི་ལྷ་སྐུ་དང་གྱན་ཐང་བཞེངས་ཡོད། ངག་
རྒྱུན་ལྟར་ན་ལྷ་ཁང་འདི་ཉིད་ཁྲི་ཀའི་ལྷ་ཆེན་པོ་གསུམ་གྱི་ཡ་གྱལ་ཅིག་༼ལྷ་ཆེན་པོ་གསུམ་ནི་ཨེར་ལང་ལྷ།ཡུལ་ཝུན་ཁྲང་དང་རྒྱ་ཐང་ལྷ་བཅས༽ཡིན་ཟེར།ལྷ་ཁང་འདི་བཞེངས་བ་ནས་གཅིག་དགུ་ང་བརྒྱད་ལོའི་བར་དུ། ལོ་རྒྱུན་གྱི་ཧོར་ཟླ་བཞི་བའི་ཚེས
་བཞི་ནས་དྲུག་གི་ཉིན་གསུམ་གྱི་རིང་ལྷ་རྩེད་རྒྱ་ཆེན་པོ་བྱེད་པས། ཐག་ཉེ་རིང་གི་
བོད་དང་རྒྱ། ཧོར་རིགས་སོགས་རིགས་སོ་སོའི་མང་ཚོགས་འདིར་འདུས་ནས་ཕྱག་
འཚལ་བ་དང་མཆོད་བཀུར་བྱེད་བཞིན་ཡོད།ཧོར་ཟླ་བཞི་བ་ནི་སྔོ་ལྗང་ཤིང་སྣ་གོས་ཀྱིས་བཏུམས་པ་དང་འདབ་ཆགས་ཀྱིས་སྐད་སྙན་འབྱིན་ཞིང་མེ་ཏོག་དྲི་ཞིམ་འཐུལ་བའི་དུས་ཡིན་པས་མི་རྣམས་ཀྱིས་ཉིན་འདིར་དགའ་སྤྲོའི་ངང་གླུ་ལེན་གར་རྩེད་
བྱས་ནས་དུས་ཆེན་རོལ། རིག་གསར་ནང་ལྷ་ཁང་འདི་ཚང་མ་རྩ་མེད་དུ་བཟོས། མི་རིགས་ཆོས་ལུགས་སྲིད་ཇུས་ཡང་གོམ་གང་མདུན་སྤོས་ཀྱིས་ལག་བསྟར་གཏན་
འབེབས་བྱས་བ་དང་མཉམ་དུ་རྒྱ་ཆེ་བའི་མང་ཚོགས་ཀྱི་རེ་བ་ལྟར། ང་ཚོས་
གཞི་རིམ་ལས་བྱེད་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་རྒན་པ་རྣམས་དང་འབྲེལ་
ཡོད་མི་སྣ་རྩ་འཛུགས་བྱས་ནས་གྲོས་བསྡུར་ཐེངས་མང་བྱས་རྗེས་ལྷ་ཁང་བསྐྱར་བཟོ་བྱས།ལྷ་ཁང་བསྐྱར་བཟོ་བྱེད་པའི་ས་གནས་ད་རུང་སྔར་གྱི་ས་དེར་ཡིན་པས།འགྲིམ་
འགྲུལ་དང་ས་ཞིང་། ཆུ་རྐ། ལམ་གཅིག་ལའང་ནོར་བ་མེད། ད་ལྟ་ཤིང་དང་སོ་ཕག་
ལས་གྲུབ་པའི་འདུ་ཁང་གྱེན་བཅུ་གཅིག་བཞེངས་ཡོད་པ་མ་ཟད།འདུ་ཁང་ནང་དུ་རྒྱ་ཐང་ལྷ་སྐུ་གཅིག་བཞེངས་ཡོད། མཛད་སྒོ་བྱེད་པའི་ཉིན་བ་ཀྱ་དགོན་པ།ཁྱུང་མོ་
དགོན་པ། མུ་གན་དགོན་པ། འཇམ་མོ་དགོན་པ་བཅས་ཀྱི་བླ་གྲྭ་རྣམས་མཛད་སྒོར་
ཞུགས། རེར་ཚེས་གཅིག་དང་ཚེས་བརྒྱད། བཅོ་ལའི་ཉིན་ལ་རྒྱ་ཆེ་དད་ལྡན་མང་
ཚོགས་ལྷ་ཁང་འདིར་འོངས་ནས་ཕྱག་འཚལ་བ་དང་ལྷ་མཆོད་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད། །
- ཟིན་ཐོ་གོང་མ།བསླད་མེད་པའི་དྭངས་གཙང་གི་གྲོགས་པོ།
- ཟིན་ཐོ་འོག་མ།བསྟོད་ཚིག་ཁུ་བྱུག་དགོད་པའི་གྲེ་འགྱུར།