ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ  | 2012/3/15 23:03:00

ཉེ་ཆར་ལན་ཀྲུའུ་ནུབ་བྱང་གྲངས་ཉུང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་འབྲུག་ཐར་དང་བློ་བཟང་ལྷུན་གྲུབ་རྡོ་རྗེ་རྣམ་གཉིས་མཉམ་འབྲེལ་གྱིས་གཙོ་སྒྲིག་གནང་ནས་《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》ཞེས་པའི་དེབ་ཕྲེང་སུམ་བཅུ་ཐམ་པ་ཅན་ཞིག་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཡོད་པའི་གནས་ཚུལ་བྱུང་འདུག
151013560928.jpg

དེ་ཡང་སྔ་ནས་ད་བར་དུ་གནའ་བོའི་ཡིག་རྙིང་པར་བསྐྲུན་བྱས་པ་དག་ལས་དཔེ་ཚོགས་འདི་ཉིད་ནང་དོན་སོགས་ཕྱོགས་གང་ཐད་ནས་བལྟས་ན་ཡང་ཕུན་སུམ་ཚོགས་པའི་དཔེ་ཚོགས་རྙིང་ཤོས་ཤིག་ཡིན་པ་དང་། ཆེས་གནའ་བོའི་ཡིག་རྙིང་བོན་གྱི་དཔེ་གཞུང་ཞིག་ཀྱང་ཡིན། སྤྱིའི་གཞུང་ཚན་ཆ་ལ་སུམ་ཅུ་སོ་གཅིག་ཡོད་པ་དང་། ནང་གསེས་སུ་དོན་ཚན་ལྔ་བརྒྱ་དྲུག་ཅུ་ཡོད་པ། དཔེ་རྙིང་འདི་ཉིད་ཀན་སུའུ་ཏཱང་ཁྲེང་གྲོང་ཚོ་སོགས་ཀྱི་ཁྱིམ་ཚང་བཅུ་ཕྲག་ལྷག་གིས་ཉར་ཚགས་བྱས་ཡོད་པ་དང་། དེ་འབྲེལ་གྱི་ཆེད་མཁས་པ་མང་བོས་ཞིབ་འཇུག་བྱས་མཐར་དཔེ་རྙིང་འདི་དག་བོད་ཀྱི་གནའ་བོའི་ཡིག་རྙིང་། གནའ་བོའི་ཞང་ཞུང་གི་ཡིག་གཟུགས་ཀྱི་ཁྱད་ཆོས་སོགས་མང་བོ་ལྡན་པ་ངོས་འཛིན་ཀྱང་གནང་ཡོད་པ་དང་།

151013997854.jpg

   ནང་དོན་གྱི་ཐད་ལ་ཡང་། བོན་གྱི་རྒྱུའི་བོན་སྐོར་དང་། གནའ་བོའི་ཞང་ཞུང་དུས་སྐབས་བོད་ཀྱི་སྤྱི་ཚོགས་གནས་སྟངས་ཀྱི་སྐོར་དང་། ཡུལ་སྲོལ་གོམས་གཤིས་དང་། སྨན་དཔྱད་རིག་པ། རི་བསང་ལབ་ཙེ་བསྟོད་ཚུལ། མོ་རྩིས་གཏོ་དང་གཟུགས་རིས་སྣ་ཚོགས་སོགས། གཞན་ཡང་འབྲས་བུ་ཐེག་པའི་བོན་གཞུང་གི་ནང་དོན་ལྡན་ཡོད་པ་རེད། དེ་ལྟར་ཕྱོགས་གང་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ན་ཡང་དུས་རབས་ལྔ་བ་དང་དྲུག་པའི་སྔོན་གྱི་བོན་གཞུང་ཡོད་པ་གསལ་བཤད་བྱེད་ཐུབ་པའི་བོན་དང་འབྲེལ་བའི་དཔེ་རྙིང་གལ་ཆེ་ཞིག་ཡིན་པ་རེད།

151013996783.jpg

   དཔེ་རྙིང་འདི་ཧ་གོ་རྗེས་རྒྱལ་ཕྱི་ནང་གི་མཁས་དབང་དང་སྨྱན་སྦྱོར་ཚན་ཁག་ཧ་ཅང་མང་བོས་མཐོང་ཆེན་གནང་བ་དང་། ཁྱད་པར་དུ་མིང་དུ་གྲགས་པའི་བོན་གྱི་ཞིབ་འཇུག་པ་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་དཔལ་འབར་རྡོ་རྗེ། རྒྱའི་ཞིབ་འཇུག་པ་མཁས་དབང་ཧྲུན་ཝན་རུང་སོགས་ཀྱིས་ཡིག་རྙིང་དཔེ་ཚོགས་འདི་ཉིད་བོད་ཀྱི་གནའ་བོའི་རིག་གཞུང་དང་། ཡི་གེ་སྐོར་དང་། ཆོས་ལུགས་སྐོར། མི་རིགས་ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེ་ཞིག་ཡིན་པ་ངོས་འཛིན་གནང་བ་དང་། གཞན་ཡང་ཨ་མེ་རི་ཀ་དང་། འཇར་པན། འཇར་མན། དབྱི་ཏ་ལི། ཧྥ་རི་སུ་སོགས་ཀྱི་རྒྱལ་སྤྱིའི་ཆེད་མཁས་མང་བོས་བོན་གྱི་ཡིག་རྙིང་འདི་པར་བསྐྲུན་ཐད་ལ་མཐོང་ཆེན་དང་། གང་མགྱོགས་མགྱོགས་ལ་འགྲེམ་སྤེལ་གནང་རྒྱུའི་རེ་ལྟོས་ཀྱང་བྱས་པ་དང་། འདིས་གནའ་བོའི་བོད་ཀྱི་དུས་རབས་ཀྱི་རིག་གཞུང་གི་མ་ལག་དང་རིན་ཐང་བྲལ་བའི་དཔེ་རྙིང་དང་། ཁྱད་པར་དུ་ཞིབ་འཇུག་པ་དག་གིས་ཞིབ་འཇུག་གནང་ཡུལ་གྱི་རིན་ཐང་ལྡན་པའི་དཔེ་རྙིང་ཞིག་ཡིན་པ་རེད།

ཡོང་ཁུངས། ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་ཞིབ་འཇུག་ཁང་ནས།

Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/4/4 23:40:46
སྐུ་མགྲོན་0Gw3AN(སྐུ་མགྲོན)བོན་གྱི་རིག་གནས་ལ་འདི་འདྲའི་རྒྱབ་བརྟེན་ཡོད་པ་ནི་ཤིན་ཏུ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་0Gw3AN(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/4/2 22:15:47
སྐུ་མགྲོན་8cs1VI(སྐུ་མགྲོན)གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་འདི་ཉིད་འགྲེམས་སྤེལ་བྱེད་མཁན་གྱི་དཔེ་སྒྲིག་པ་དང་འཚོལ་སྡུད་མཁན། གཞན་ད་རག་བར་དུ་ཉར་ཚགས་བྱེད་མཁན་གྱི་མི་སྣ་ཡོངས་ལ་བཀྲ་ཤིས་དང་བདེ་ལེགས་ལན་བརྒྱར་ཞུ། གསེར་ལས་དཀོན་པའི་ཡིག་རྙིང་རྩ་ཆེ་བ་འདི་རྣམས་ནི། དེང་དུས་ཀྱི་ཚོང་ཟོང་ལྟ་བུའི་དོད་དུ་མི་འགྲོ་བར་ཀུན་གྱིས་སྤྱན་ལམ་དུ་བསྟར་བ་འདིས། བོད་ཡུལ་མུན་པའི་གླིང་ཞེས་མངན་བགྲང་མི་དགོས་ལ། མེས་པོ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ཤུགས་ཀྱང་མཚོན་འདུག རྗེས་སུའང་ང་ཚོས་འདིས་ཐད་ནས་ཞིབ་འཇུག་དང་འཚོལ་སྡུད་བྱས་ན་འབྲས་བུ་ཆེ་བར་མངོན་གསལ་དུ་གྲུབ་འདུག གཡུ་འབྲུག་པས།
རྩོམ་པ་པོ།:སྐུ་མགྲོན་8cs1VI(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/3/25 21:50:42
སྐུ་མགྲོན་0hx3Bn(སྐུ་མགྲོན)གངས་ཅན་པའི་མི་རིགས་འདི་ཉིད་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཕུན་སུམ་ཚོགས་པ། རང་རྐྱ་འཕེལ་བ་ཞིག་ཡོད་པ་ནི་གཟི་བརྗིད་ཡིན་པ་ལས་ངོ་ཚ་མིན། ད་དུང་དགོས་མེད་ཕྱོགས་རིས་ཀྱིས་ཆགས་སྡང་། ཁ་ཕོ་ལ་རྒྱ་དབང་དུ་མི་འགྲོ་པར་ཡང་དག་ཞིབ་འཇུག་བྱེད་དགོས་པའང་མངོན་གསལ་དུ་གྱུར། སློབ་ཆེན་གྱི་དགེ་རྒན་ཆེན་པོ་འགས་ སྲོང་བཙན་སྔོན་ལ་་བོད་ལ་ཡི་གེ་ཡོད་ཟེར་ན་གཞན གྱི་ཐོས་ན་ངོ་ཚ་ཡིན། བོད་ཀྱི་མཁས་རྫུན་འགས་ད་དུང་གཞོན་སྐྱེས་རྣམས་ལོག་ལམ་དུ་ཁྲིད་བཞིན་པ་ནི་ཇི་འདྲའི་ཡིད་རྨོངས་བ་ཞིག་རེད་ཨང་།
རྩོམ་པ་པོ།:སྐུ་མགྲོན་0hx3Bn(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/3/21 21:21:07
bontsewangགཏམ་བཟང་རེད་སེམས་གཏིང་ནས་དགའ་བོ་བྱུང་། ཐུགས་རྗེ་ཆེ།
རྩོམ་པ་པོ།:bontsewang | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/3/17 13:03:55
སྐུ་མགྲོན་8cs1Vi(སྐུ་མགྲོན)ལན་གྲུ་སློབ་གྲྭ་ཆེན་མོའི་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་གླིང་ཞེས་བསྒྱུར་ན་འགྲིག་པར་འདུག་སྙམ།
རྩོམ་པ་པོ།:སྐུ་མགྲོན་8cs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།》དེབ་ཕྲེང་སུམ་ཅུ་ཅན་པར་དུ་བསྐྲུན་ཡོད་པའི་གནས་ཚུ | 2012/3/16 21:56:10
woserགནས་ཚུལ་བཟང་པོ་ཐོན་པར་ཤིན་ཏུ་ནས་དགའ་སྤྲོ་བརྟས། “ དེ་ལྟར་ཕྱོགས་གང་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ན་ཡང་དུས་རབས་ལྔ་བ་དང་དྲུག་པའི་སྔོན་གྱི་བོན་གཞུང་ཡོད་པ་གསལ་བཤད་བྱེད་ཐུབ།“ ཞེས་པ་འདིས་དུས་རབས་བདུན་པའི་གོང་དུ་མེད་རབས་དང་མུག་རབས་བཤད་པ་དག་གལ་ལེར་ཕྱི་ལ་དོན་ཡོང་གི་འདུག ད་དུང་མུ་མཐུད་འདི་དང་འདི་འདྲ་བ་མང་པོ་ཞིག་དོན་རྒྱུ་རེད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.