ཧི་བོན་ཟིན་བྲིས།
རིན་སྤུངས་པའི་གདན་ས།
སྤྱི་བསྒྲགས།
    ཧི་མ་ལ་ཡའི་བོན་དྲ་བའི་ཡན་ལག་ཧི་བོན་ཟིན་བྲིས་ལ་གནས་ཚུལ་གང་ཡོད་འབྲེལ་བ་བྱོས། ཚང་མར་བཀྲ་ཤིས་བདེ་ལེགས།
ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རེ་ཞིག་ན་རྩེ་ཞྭ་ཟླ་གམ་གྱི་གཏན་ཚིགས་ཨེན་ཙམ་སྨྲས་ན།  | 2012/3/5 16:37:00

༼རྩེ་ཞྭ།༽

  བོན་ཀུན་འབྱུང་གནས་བོན་ཉིད་ཡེ་སྟོང་བོན་སྐུའི་བརྡ་རུ་རྩེ་ཞྭའི་ནང་ཤ་མཐིང་མདངས་ཏིང་ངེ་བརྡལ། བསྐལ་བཟང་སངས་རྒྱས་སྤྱི་བོར་རྒྱུན་དུ་བཞེངས་པའི་བརྡ་རུ་གསེར་སྐུད་ཟེར་བ་གཡོ་མེད་རྩེར་རེ་གཟེངས། འཁོར་དུ་གཤེན་ཕྲན་བསམ་ཡས་འདུས་འཚོགས་ཉན་པའི་བརྡ་རུ་གཞི་འགྲམ་གསེར་སྐུད་གྲངས་མེད་གཙངས་སེ་གཤིབས། གང་ཟག་ཟབ་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡ་རུ་རྣ་ཆ་མཉེན་འཇམ་སྙན་ཤ་ཧྲེང་ངེ་སྦྲིང་། ཕྱིན་དྲུག་སྤྱོད་པ་རྣམ་པར་དག་ཅིང་ཚངས་པའི་བརྡ་རུ་ཁུང་འགྱུར་གྲུ་རྣར་ཟུངས་སུ་ཟག་གེ་བཏབ། བསྡུ་དངོས་བཞི་ཡིས་གདུལ་བྱ་བཀྲིད་དྲང་མཛད་པའི་བརྡ་རུ་རྣ་རྩེ་ཟུར་བཞིར་རྣིལ་ཚར་འཇོལ་ལེ་འཛར། བོན་སྒོ་སྣ་ཚོགས་བསྡུ་ན་གཅིག་ཏུ་འདུས་པའི་བརྡ་རུ་མཐའ་ཆག་དམར་པོས་ཏམ་མེ་བསྐོར་བ་ལགས་སོ། །ངེས་ཚིག་ནི། རྒྱ་བྱའི་ཟེ་ལྟར་གཟིངས་པའི་རྩེ། །དབུ་ཡི་རྒྱན་དུ་སྒེག་པའི་ཞྭ། །

༼ཟླ་གམ།༽

   འཁོར་འདས་བོན་ཀུན་མ་འདྲེས་སོ་སོར་གསལ་བའི་བརྡ་རུ་ཟླ་གམ་རྐེད་པ་སྟོད་སྨད་ཕྱེད་དེ་བཅད། དོན་གྱི་དམ་པར་དེ་དག་དབྱེ་བསལ་བྲལ་བའི་བརྡ་རུ་སླར་ཡང་རང་སར་མཐུད་དེ་སྦྲེལ། གང་གི་བྱེད་པོ་གསལ་སྟོང་དབྱེར་མེད་གཤིས་ཀྱི་བརྡ་རུ་གོས་གཞི་གཅིག་ལ་ཇི་སྲིད་འདུ་ཤེས་ཡོད་པའི་བར། དེ་སྲིད་ཐེག་པའི་གྲངས་ལ་ཐེག་པ་མེད་པའི་བརྡ་རུ་སལ་སུལ་བརྒྱ་རུ་ཆ་ག་དེ་དེ་བསྡུས། པེའུ་རྩེ་གསུམ་གྱི་སྣང་ཚུལ་རང་ལ་རྫོགས་པའི་བརྡ་རུ་སུམ་བརྩེགས་ནོར་བུའི་ཕྲེང་རྒྱན་དཔྱང་ངེ་འཕྱང་། བརྩེ་ཆེན་རྣམ་བཞིས་སྐྱེ་རྒུ་རྟག་སྐྱོབ་རྩོམ་པའི་བརྡ་རུ་ཉིས་་ཆའི་གང་བ་རིང་འགྲོར་ཤད་དེ་རྐྱོང་། སྙིང་རྗེའི་ཡུལ་དུ་འགྲོ་དྲུག་གཅིག་ཏུ་འཛིན་པའི་བརྡ་རུ་ལྕགས་རི་སེར་པོས་མཐའ་ཀུན་ཧྲིལ་གྱིས་འཁྱུད་པ་ལགས་སོ། །ངེས་ཚིག་ནི། ཟླ་བ་ཕྱེད་པའི་དབྱིབས་འདྲ་གམ། །

ཞེས་པའི་ཚུལ་འདི་སྨྲ་དབང་ཀུན་དགའ་རང་གྲོལ་ལ་གཞན་སྡེའི་ལུགས་ཀྱི་འཚོགས་གཏམ་ཡོད་སྐད་ཀྱི་བཤད་སྒྲོས་ཐོས་པའི་ཚེ་རང་ལུགས་དྲི་མེད་ལུང་མཐུན་ཞིག་ཡོད་སྙམ་བསམ་ནས་སློབ་གྲྭ་སྒ་བཙུན་བློ་བཟང་རྒྱ་མཚོས་བསྐུར་བ་ལྟར་བསྐྲུན་པའོ། །མངྒ་ལཾ། དགེའོ། །

 ༧ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་བར་ཆ་ལས་བཤུས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:རེ་ཞིག་ན་རྩེ་ཞྭ་ཟླ་གམ་གྱི་གཏན་ཚིགས་ཨེན་ཙམ་སྨྲས་ན། | 2012/3/6 16:45:09
སྐུ་མགྲོན་wBre7I(སྐུ་མགྲོན)ཧོར་པ་དྲུང་རམས་པ་གང་མི་ཚད་ཀྱི་མཁས་པ་ཆེན་པོ་རེད། དད་འདུན་དང་བསྟོད་ཕྱག་ཞུ། འོན་ཀྱང་ཕྱིས་བྱུང་གི་བླ་སྤྲུལ་རྣམ་པས་གཞན་སྡེའི་གཞུང་དང་བསྟུན་པ་མང་པོ་ཞིག་མཇལ་རྒྱུ་ཡོད། གང་ལྟར་རང་ལུགས་ཁུངས་མ་རྒྱལ་བའི་བཀའ་དང་བརྟེན་འགྱུར་གང་རུང་ཞིག་ཏུ་རྩེ་ཞྭ་དང་ཟླ་གམ་སྐོར་གསལ་ཡོད་ན་གསུངས་རོགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་wBre7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.